ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་དྲ་ཚིགས་ཀྱི་ལག་ཁྱེར་དྲ་ཚིགས་ཀྱི་སྒྲོམ་གཞི་ཚོད་ལྟ་ལེགས་འགྲུབ་བྱུང་བ།

རྩོམ་པ་པོ།:ཐུ་བྷོད་དྲི་བ་ཀུན་འདུས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-01-28 09:45:00 ཀློག་གྲངས།:

     ཐུ་བྷོད་དྲི་བ་ཀུན་འདུས་དྲ་ཚིགས་ཤར་གཏོང་བྱས་ནས་ཉེ་བའི་ལོ་གཅིག་གི་རིང་ལ། གཞིས་བྱེས་སྤུན་ཟླ་ཡོངས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་དྲ་བར་ཡང་སྔར་མེད་ཀྱི་གསོན་ཤུགས་གསར་བ་ཞིག་སྦྱིན་ཞིང་། མདུན་བསྐྱོད་ཀྱི་སྒུལ་ཤུགས་དྲག་པོ་ཞིག་ཀྱང་བསྩལ་བས། ཐུ་བྷོད་དྲི་བ་ཀུན་འདུས་དྲ་བས་ཀྱང་ཡོད་པ་གཞིར་བཞག་དང་འཕེལ་རྒྱས་ཀྱི་མིག་ཟུང་རྒྱང་དུ་བཟུང་ནས་དྲ་ཚིགས་ཀྱི་སྤྱིའི་སྒྲོམ་གཞི་ལ་གསར་བསྒྱུར་དང་མཛེས་བཟོ་ཅུང་ཙམ་བྱས་ཏེ་ཉེ་ལམ་སྒྲོམ་གཞི་ཚོད་ལྟ་དངོས་སུ་ལེགས་འགྲུབ་བྱུང་།
     དེ་ལས་ཀྱང་དགའ་འོས་པ་ནི་དྲ་ཚིགས་ཀྱི་ལག་ཁྱེར་སྒྲོམ་གཞི་རྨང་ནས་གསར་བསྒྱུར་བྱས་པ་དེ་རེད། འདི་ལ་ཡང་དྲ་ཚིགས་ལྟར་སྤྱོད་སྒོ་ཕུན་སུམ་ཚོགས་པ་ཡོད་པ་མ་ཟད། མིག་ལ་མཛེས་ཤིང་མྱུར་ཚད་མགྱོགས་པ། ཐོ་འགོད་དང་། དྲི་བ་དྲིས་ལན་སྤེལ་བ་སོགས་ཧ་ཅང་སྟབས་བདེ་ཡིན།


ཐུ་བྷོད་དྲི་བ་ཀུན་འདུས་དྲ་ཚིགས་ཀྱི་ཁ་བྱང་འགྲེལ་བ།
     དྲ་ཚིགས་ལསtibetanནི་ཐུ་བྷོད་ཀྱིའམ་བོད་ཀྱི་ཞེས་པའི་དོན། qནིquestionཀྱི་བསྡུས་འབྲི་ཡིན་ལ། དོན་ནི་དྲི་བའི་དོན། aནིanswerཀྱི་བསྡུས་འབྲི་ཡིན་ལ། དོན་ནི་དྲིས་ལན་གྱི་དོན་ཡིན། ཕྱོགས་གཅིག་ཏུ་དྲིལ་ན་ཐུ་བྷོད་དྲི་བ་དྲིས་ལན་གྱི་དོན་ཡིན་ནོ།།
ཐུ་བྷོད་དྲི་བ་ཀུན་འདུས་དྲ་བའི་ལས་རིམ་ཁག
     དྲ་བ་འདི་ནི་སྒོ་འབྱེད་རང་བཞིན་གྱི་དྲ་ཚིགས་ཤིག་ཡིན།
     ཐོ་འགོད་བྱེད་ཆོག་པ།
     དྲི་བ་དྲིས་ལན་དང་རྩོམ་ཡིག་སོགས་སྤེལ་ཆོག་པ།
     སློབ་ཁྲིད་གྲ་སྒྲིག་ཕབ་ལེན་བྱེད་ཆོག་པ།
     སློབ་ཁྲིད་སྒྲོན་བརྙན་ཕབ་ལེན་བྱེད་ཆོག་པ།
     ཀློག་འདོན་རྒྱུ་ཆ་ཕབ་ལེན་ཆོག་པ།
ཐུ་བྷོད་དྲི་བ་ཀུན་འདུས་དྲ་བའི་བརྗོད་དོན།
     དྲ་རྒྱར་བརྟེན་ནས་མི་རིགས་རིག་གནས་དར་སྤེལ་དང་བརྒྱུད་སྒྲོག་བྱེད་པ།
     ཐུ་བྷོད་དྲི་བ་ཀུན་འདུས་དྲ་བའི་སྦྲེལ་གནས་ཁག
     ཐུ་བྷོད་དྲི་བ་ཀུན་འདུས་དྲ་ཚིགས། 
     ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས། tibetanqa3
     འགན་འཛིན་པའི་སྐད་འཕྲིན་སྤྱི་སྟེགས། langxiaohu1

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།