རྒྱལ་ཡོངས་ཀྱི་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་དཔོན་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར། དུས་ཚོད།:2016-05-24 10:33:00 ཀློག་གྲངས།:
     ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མངགས་བཅོལ་ལྟར། ཉེ་ཆར། རྒྱལ་ཡོངས་ཀྱི་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་དཔོན་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་ཤིང་། མཚོ་སྔོན་དང་། སི་ཁྲོན། ཡུན་ནན། ཀན་སུའུ་བཅས་ཞིང་ཆེན་བཞིའི་ཁྲིམས་ཁང་དང་བོད་ལྗོངས་ཁྲིམས་ཁང་ནས་ཡོང་བའི་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་དཔོན73གསོ་སྦྱོང་ནང་ཞུགས་པ་རེད།
     སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་གསོ་སྦྱོང་ནང་ཞུགས་མཁན་ཁྲིམས་དཔོན་ཚོར་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་དཔོན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་གསོ་སྦྱོང་ལས་དོན་སྤེལ་བ་དེས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་ཐད་ཐོན་པའི་གལ་ཆེའི་ཆབ་སྲིད་ཀྱི་དོན་སྙིང་རྒྱས་བཤད་གཏིང་ཟབ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཡོན་ཀྲང་ཀྲོའུ་ཆང་གིས་རྒྱལ་ཡོངས་ཀྱི་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་དཔོན་གསོ་སྦྱོང་ལས་དོན་སྤེལ་བའི་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་གསལ་བཤད་གཏིང་ཟབ་གནང་ཁར་ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭ་ཡག་པོ་གཉེར་བའི་ཐད་རེ་བ་ནན་པོ་བཏོན་གནང་བ་རེད།
    ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཉིན10ཡིན་པ་དང་། གསོ་སྦྱོང་གི་གཅིག་གྱུར་རང་བཞིན་དང་ཚད་ལྡན་རང་བཞིན་ཆེ་རུ་གཏོང་ཆེད། ད་ཐེངས་ཀྱི་གསོ་སྦྱོང་ནང་བོད་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་སྒྲིག་འཛུགས་བྱས་ནས་རྩོམ་འབྲི་དང་དཔེ་སྐྲུན་བྱས་པའི་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་དཔོན་གསོ་སྦྱོང་ཐད་ཀྱི་སློབ་དེབ་སྤྱད་ཡོད་པ་མ་ཟད། ད་དུང་རང་ལྗོངས་ཀྱི་གྲགས་ཅན་དགེ་རྒན་ཆེ་མོ་བ་དང་། བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་དཔོན་གསོ་སྦྱོང་ཐད་ཀྱི་སློབ་དེབ་ཀྱི་རྩོམ་སྒྲིག་པ་གཙོ་བོ། སི་ཁྲོན་དང་མཚོ་སྔོན་གྱི་ཆེད་ལས་དགེ་རྒན་ཆེ་མོ་བ་སོགས་སློབ་ཁྲིད་གནང་བར་གདན་དྲངས་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།