འབའ་རྫོང་རྨ་ཞོལ་དབྱི་ཧྥུ་སློབ་གྲྭ་བཙུགས་ནས་ལོ་འཁོར60ལོན་པའི་འཁྲུངས་སྟོན་བསྡུས་པ།
རྒྱལ་དར་བཟུང་སྟེ་རྩལ་སྦྱང་ར་བར་བསྐྱོད་བཞིན་པའི་ཚུལ།
འཛིན་གྲྭ་སོ་སོ་རྩལ་སྦྱང་ར་བར་བསྐྱོད་བཞིན་པའི་ཚུལ།
རྩལ་སྦྱང་ར་བར་བསྐྱོད་བཞིན་པ།
ཡུལ་དངོས་ཀྱི་རྣམ་པ།
མདོ་འཛིན་པ་རྣམ་གཉིས།
འབའ་རྫོང་རྨ་ཞོལ་དབྱི་ཧྥུ་སློབ་གྲྭའི་སློབ་གཙོས་གཏམ་བཤད་སྤེལ་བ།
སློབ་མ་ཆུང་ཆུང་དག་གིས་ཞབས་བྲོ་འཁྲབ་པ།
གླུ་བ་མགར་བསམ་གྲུབ་ཚེ་རིང་གིས་མ་ཡུམ་སློབ་གྲྭར་གླུ་གཞས་ཀྱི་ལེགས་སྐྱེས་འབུལ་བ།
སྤྱི་ཟླ6པའི་ཚེས1ཉིན། འབའ་རྫོང་རྨ་ཞོལ་དབྱི་ཧྥུ་སློབ་གྲྭ་བཙུགས་ནས་ལོ་འཁོར60ལོན་པའི་འཁྲུངས་སྟོན་དེ་གཟབ་རྒྱས་ངང་བསྡུས་ཤིང་། འདི་ནི་འབའ་རྫོང་རྨ་ཞོལ་དབྱི་ཧྥུ་སློབ་གྲྭ་བཙུགས་ནས་ལོ་འཁོར་དྲུག་ཅུ་དང་། སློབ་མ་མཐར་ཕྱིན་སྐབས་དྲུག་ཅུ་བའི་བཀྲ་ཤིས་གསུམ་འཛོམས་ཀྱི་ཉིན་མོ་ཡིན་ལ། འབའ་རྫོང་ཁུངས་གཏོགས་ཀྱི་སློབ་གྲྭ་མང་ཆེ་ཤོས་ཀྱི་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད། དེ་མིན་འབའ་རྫོང་རྨ་ཞོལ་དབྱི་ཧྥུ་སློབ་གྲྭའི་དགེ་སློབ་ཀུན་ཐེངས་འདིའི་མཛད་སྒོར་ཞུགས་ཡོད།
མཛད་སྒོའི་སྟེང་འཁྲབ་སྟོན་སྣ་ཚོགས་བཀོད་སྒྲིག་བྱས་ཡོད་དེ། སློབ་མའི་ཞབས་བྲོ《འཁྲུངས་སྟོན་བསུ་བའི་སྟངས་སྟབས》དང་། ཉི་མ་ཚེ་རིང་གི་དམངས་གླུ《ཆུང་འདྲིས་བྱམས་པ》། སྐལ་བཟང་དོན་གྲུབ་ཀྱི་རྡུང་ལེན《མ་ཡུམ་སློབ་གྲྭ》 གླུ་བ་མགར་བསམ་གྲུབ་ཚེ་རིང་གི་གླུ་དབྱངས《སློབ་གླུ་དྲུག་འགྱུར》། ཀུན་བཟང་སྒྲོལ་མའི་གླུ་དབྱངས《ནོར་བུ་གླིང་ཀ》། དེ་མིན་དེང་རབས་ཞབས་བྲོ་སོགས་སྣ་ཚོགས་ཡོད།
དེར་མཐུད་དེ་ཕྱི་ཉིན་ནས་བཟུང་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་འགྲན་བསྡུར་རྣམ་གྲངས་དངོས་སུ་སྤེལ་བ་རེད།
སློབ་མས་གླུ་གཞས་ལེན་པ།
གླུ་བ་གླུ་མ་དག་གིས་པི་ཝང་བདུང་བ།
ཞབས་བྲོ་འཁྲབ་སྟོན་བྱེད་པ།
སློབ་བུ་དག་གིས་པི་ཝང་བདུང་བ།
རྡུང་ལེན་དཀྲོལ་བ།
ལོ་ངོ་དྲུག་ཅུའི་ཡར་སྔོན་དུ་རྨ་ཡུལ་མགར་རྩེའི་སློབ་གཙོ་བསྟན་འཛིན་ལགས་གཙོ་བྱས་སྔ་རབས་ཆེ་རྒས་འགའ་རེས་སློབ་གྲྭ་སྒྲུབ་པའི་རླབས་ཆེན་བྱ་བཞག་ཁུར་ཏུ་བཞེས་ཏེ་ལོ་ངོ60སྔོན་གྱི་དེ་རིང་གི་ཉིན་མོར་གོང་མ་སྦྲ་གུར་སློབ་གྲྭ་དངོས་སུ་བཙུགས། འདས་པའི་ལོ་ཟླའི་ནང་གི་སྐྱིད་སྡུག་འདྲེས་མའི་སློབ་གྲྭའི་འཚོ་བའི་ཁྲོད་ཀ་དང་ཁ་ཡི་ས་བོན་འདི་ནས་འཐོར་ཞིང་མིང་དང་ཚིག་གི་ལྗང་མྱུག་འདི་ནས་འབུས་ཏེ། འཆད་དང་རྩོམ་གྱི་ཡལ་འདབ་གཞུང་རྟ་འདི་ནས་རྒྱས་པར་བརྟེན། མི་ཚེ་ཡང་དག་གི་བགྲོད་ལམ་གྱི་འབྲས་བུའང་འདི་ནས་སྨིན་ཏེ། ཏང་གི་འགོ་ཁྲིད་དང་ས་གནས་སྲིད་གཞུང་རྒྱ་ཆེའི་མང་ཚོགས། ལས་ལ་བརྩོན་པའི་སློབ་གཙོ17དང་། དགེ་རྒན155ལས་བཟོ་བ56བཅས་ཀྱི་ཐུན་མོང་འབད་བརྩོན་ལ་བརྟེན་ནས་ས་གནས་མི་རིགས་སློབ་གསོ་དང་། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐད་ལ་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་མང་བོ་ཞིག་བསྐྱེད་བསྲིངས་བྱས་ཡོད་པ་སྟེ། ལོ་ངོ60རིང་ལ་གོང་མ་བཅའ་སྡོད་སློབ་གྲྭ་འདི་ནས་ཁྱོན་བསྡོམས་སློབ་མ1577སློབ་མཐར་ཕྱིན་པ་དང་། སྤྱི་ཚོགས་ལས་གནས་སུ་ཕྱིན་པ་ལས་དགེ་སློང་དང་བཙུན་མ39དང་། རྒྱལ་ཁབ་ལས་བྱེད་པ་དང་ལས་བཟོ་བ205ཡོད། སྡེ་བའི་ལས་བྱེད་པ117བཅས་ཡོད།
གོང་རིམ་འདི་དག་གི་སློབ་གཉེར་བརྒྱུད་རིམ་ཁྲོད་ནས་འབུམ་རིམ་པ3དང་། ཞིབ་འཇུག་སློབ་མ13དང་། དངོས་གཞིའི་སློབ་མ73། སློབ་ཆེན་སློབ་མ155། མཐོ་རིམ་སློབ་མ372། དམའ་འབྲིང་སློབ་མ503དང་། སློབ་ཆུང་སློབ་མ457། སྲིད་འཛིན་གོ་གནས་ཀྱི་ཆ་ནས་ཐིན་གཞོན་པའི་གོ་གནས་ཅན1། དགེ་རྒན་ཆེན་མོ3དང་། དགེ་རྒན་ཆེན་མོ་གཞོན་པ9། སློབ་ཆུང་དགེ་རྒན37། ཆེད་ལས་ཐོབ་ཐང་གི་ཆ་ནས་རྒྱལ་ཁབ་རིམ་པའི་ཡོན་ཧྲི1། སློབ་ཆུང་དགེ་རྒན་དང་པོ36བཅས་སྐྱེད་བསྲིངས་བྱས་ནས། དེའི་རྨང་གཞིའི་ཆ་ནས་ད་ལྟ་སློབ་གྲྭ་འདིའི་ཁོར་ཡུག་རྒྱ་ཁྱོན་ལ་མུས་གྲུ་བཞི་མ18233ཡོད་པ་དང་འཛུགས་བསྐྲུན་རྒྱ་ཁྱོན་ལ་མུས་གྲུ་བཞི་མ5768ཡོད། ལོ་རིམ་དང་པོ་ནས་དྲུག་པའི་བར་འཛིན་གྲྭ11ལ་སློབ་མ་ཁྱོན268ཡོད། བསླབ་ཚན་ལ་ཡང་བོད་རྒྱ་རྩིས་གསུམ་གཙོ་བྱས་བསླབ་བྱ12དང་། ད་ཡོད་དགེ་བཟོ་བ50ལས་སློབ་ཁྲིད་དགེ་རྒན37དང་། ལས་བཟོ་བ13བཅས་ཡོད། དགེ་རྒན་རྣམས་ཀྱི་སློབ་གཉེར་བརྒྱུད་རིམ་ཐད་ནས་དངོས་གཞིའི་ཆུ་ཚད་ཅན་གྱི་དགེ་རྒན12དང་། སློབ་ཆེན21དང་། མཐོ་རིམ་ཆེད་ལས4བཅས་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com