ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྐབས་གསུམ་པའི་སློབ་རའི་རིག་གནས་སྒྱུ་རྩལ་དུས་ཆེན་བསྡུས།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-06-02 11:53:00 ཀློག་གྲངས།:

ཐེངས67པའི་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་དང་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྐབས་གསུམ་པའི་སློབ་རའི་རིག་གནས་སྒྱུ་རྩལ་དུས་ཆེན་བསྡུས།
ཁྲི་ཀ་མི་རིགས་བཅའ་སྡོད་སློབ་གྲྭས་དྲུག་གཅིག་བྱིས་པའི་དུས་ཆེན་སྤེལ་བ།


ཡུལ་དངོས་ཀྱི་རྣམ་པ།


དགེ་རྒན་རྣམ་པ།

     སློབ་རའི་རིག་གནས་མཁའ་དབུགས་གསར་སྐྲུན་དང་སློབ་གྲྭའི་སྣ་མང་ཤེས་བྱ་དར་སྤེལ་བཅས་གཏོང་ཆེད། ཟླ5པའི་ཚེས28ཉིན། དབྱར་ཟླ་བཞི་བའི་ལྗང་མདོག་གི་འཇིག་རྟེན་ཞིག་ཚུར་ལ་བསུས་ཏེ་ཚང་མས་ངང་སྒུག་དང་རེ་སྙེག་བྱེད་པའི་ཐེངས67པའི་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་དང་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྐབས་གསུམ་པའི་སློབ་རའི་རིག་གནས་སྒྱུ་རྩལ་དུས་ཆེན་དེ་དགེ་བཟོ་བ་སུམ་བརྒྱ་ལྷག་དང་སློབ་མ་སྟོང་ཕྲག་གཉིས་ལྷག་གི་དགའ་བའི་ཉམས་དང་དགོད་པའི་འཛུམ་གྱིས་ངང་གིས་བསུས་བྱུང་། བཀྲ་ཤིས་ཉིས་འཛོམས་ཀྱི་ཉིན་མོར་རྒྱ་ཆེའི་ལྟད་མོ་བ་རྣམས་གཅིག་རྗེས་གཉིས་མཐུད་ངང་སློབ་རའི་ཁོ་ར་ཁོར་ཡུག་ཀུན་ཏུ་འཚང་ཁ་ཤིག་ཤིག་ངང་འདུས་ལ། ཕྱོགས་ཡོངས་ཀྱི་མགྲོན་པོ་དང་བྱམས་ལྡན་གྱི་དགེ་རྒན། བློ་ལྡན་གྱི་སློབ་བུ་རྣམས་ཀྱིས་ལུས་ལ་གོས་གང་ཡག་གི་གཟབ་མཆོར་སྤྲས་ཤིང་མཛེས་སྡུག་གི་བཞིན་མདངས་གྲོལ་ནས་མདོ་འཛིན་པའི་མགོ་རྩོམ་གྱི་མཆོད་ཚིག་དང་སྦྱར་ཏེ་ལྟད་མོ་དངོས་སུ་མགོ་བརྩམས།
     ན་ཆུང་བྱིས་པ་གཙོ་བྱས་པའི་དགེ་སློབ་ཡོངས་ཀྱི་ངོ་གདོང་ལ་སྤྲོ་སྣང་རབ་ཏུ་རྒྱས་ཏེ་དོན་སྙིང་ལྡན་ལ་འཁྲུག་ཆ་དོད་པ། ཕུན་སུམ་ཚོགས་པའི་ན་ཆུང་བྱིས་པའི་དུས་ཆེན་གྱི་དགའ་སྟོན་སྐྱིད་པོ་ཞིག་རོལ་བར་ཡིད་ཆེས་དང་དགའ་སྣང་གིས་ཁེངས་འདུག
     རྔ་བོ་ཆེ་དང་སྦུབ་ཆའི་ལྡིར་སྒྲའི་ཁྲོད་ནས་སློབ་རའི་དགེ་སློབ་སྟོང་ཕྲག་གཉིས་ལྷག་གིས་འགྲོས་མཉམ་པའི་གོམ་སྟབས་བསྒྱུར་ཞིང་། ལོ་རིམ་མཐོ་དམའ་ལྟར་དུ་རང་རང་གི་སྣེ་སྟོན་དགེ་རྒན་གྱི་འཐུས་ཚང་བའི་བཀོད་སྒྲིག་དང་གསར་གཏོད་རང་བཞིན་གྱི་གྲལ་དཔུང་རེ་རེ་ལ་དུས་ཆེན་བསུ་མ་བྱེད་པའི་མེ་ཏོག་དང་དབུགས་ལྒང་། ཁ་བཏགས་བཅས་ཀྱི་ཡོམ་ཡོམ་འགུལ་བའི་གཡོ་འགུལ་དང་དགའ་སྤྲོའི་བསུ་འབོད་བཅས་ཀྱིས་གཟུགས་དབྱིབས་སྣ་ཚོགས་བཟོས་ལ། སོ་སོའི་ཁྱད་ཆོས་ལྟར་དུ་དབྱངས་གཅིག་གདངས་གཅིག་གིས་མཆོད་ཚིག་སྙན་མོ་སློབ་རའི་མཁའ་དབྱིངས་སུ་བསྐྱིལ། ལོ་རིམ་ཁག་སོ་སོའི་ཐུན་མིན་གྱི་བློ་སྤོབས་དང་ལ་རྒྱའི་མགོ་བོ་དགུང་དུ་བཏེགས་ཏེ་ཚོགས་རར་བསྐྱོད་ཚུལ་གྱིས་མ་འོངས་འབྱུང་འགྱུར་གྱི་མདུན་ལམ་སྔར་ལས་འོད་སྟོང་ལྡན་པ་ངང་གིས་མཚོན་ཐུབ།
     རེབ་འདིའི་དགའ་སྟོན་དུས་ཆེན་ལ་ལོ་རིམ་དང་པོ་ནས་བརྒྱད་པ་དང་སློབ་ཆུང་དགེ་རྒན་དང་དམའ་འབྲིང་དགེ་རྒན་འཚོ་བའི་སྡེ་ཁག་བཅས་མི་གྲངས་ཉིས་བརྒྱ་སུམ་བརྒྱ་འདུས་པའི་བོད་ཀྱི་དམངས་སྲོལ་རིག་གནས་ཀྱི་རོ་བྲོ་ལྡན་པའི་དམངས་གླུ་དང་ཨ་རྩེད་ལ་སོགས་ཐུན་མོང་ཞབས་བྲོ་རྩེད་བཞིན་ཡོད་ལ། དགེ་སློབ་ཚང་མས་ཀྱང་རང་རང་ས་ནས་ལོ་རིམ་ཐུན་མོང་གི་ཁོག་དཔུང་དང་ལ་རྒྱ་བསམ་ནས་དཀའ་སྤྱད་སྡུག་རུས་སྒོས་སྦྱོང་བརྡར་བྱས་པ་དང་། ལྷག་པར་དུ་ཉེ་སྔོན་གསར་དུ་བཙུགས་པའི་ཡ་རབས་བུ་རྒྱུད་ཚོགས་པས་ཐེངས་འདིའི་དུས་ཆེན་བརྒྱུད་དེ་དམངས་གླུ་དང་སྙན་ངག་གྱེར་འདོན། བཤད་པ་བཅས་ཡིད་དབང་འགུག་པའི་རྩེད་མོ་གྱ་ནོམ་པ་འབུལ་པས་རྒྱ་ཆེའི་ཁྱིམ་བདག་མང་ཚོགས་དང་ལྟད་མོ་བ་ཡོངས་ཀྱིས་དགའ་བསུའི་ལྷང་ལྷང་གི་ཐལ་མོ་རྡེབ་སྒྲ་དང་ཀི་འབོད་གསང་མཐོར་བསྒྲགས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།