༄༅།། ཡུལ་ཤུལ་དཔལ་ཐང་གནམ་གྲུ་ཐང་དུ་ཚོད་འཕུར་བྱེད་པ་ཟླ༥བའི་ཚེས༢༩ཉིན་འགོ་བརྩམས་པ།

རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། ཡོང་ཁུངས།: དུས་ཚོད།:2008-02-14 09:18:40 ཀློག་གྲངས།:


ལུས་ལ་དུས་ཆེན་གྱི་ལྭ་བ་གྱོན་པའི་བོད་རིགས་སྤུན་ཟླས་ཚོད་ལྟའི་འཕུར་སྐྱོད་བྱེད་པའི་གནམ་གྲུ་མདུན་ནས་པར་ལེན་བཞིན་པ།

    ཟླ༥བའི་ཚེས༢༩ཉིན།ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུའུ་ཚོད་འཕུར་ཞིབ་བཤེར་ལྟེ་གནས་ནས་ཡོང་བའི་ཅང་ཀྲོང༧༥༠རྟགས་ཅན་གྱི་གཞུང་ཞབས་གནམ་གྲུ་དང་ཅང་ཀྲོང༥༦༠རྟགས་ཅན་གྱི་ཞུ་དག་ཞིབ་བཤེར་གནམ་གྲུ་གཉིས་སྔ་རྗེས་སུ་གསར་དུ་བཙུགས་པའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དཔལ་ཐང་གནམ་གྲུ་ཐང་དུ་བབས་ལ།དེའི་རྗེས་ཀྱི་ཉིན་ཁ་ཤས་རིང་ལ་ཡུལ་ཤུལ་གནམ་གྲུ་ཐང་གི་འཕུར་ལམ་དང་འཕུར་སྐྱོད་གོ་རིམ།བརྡ་འཕྲིན་ཕྱོགས་སྟོན།རྒྱུགས་ལམ་གློག་འོད་སྒྲིག་ཆས་བཅས་ལག་བསྟར་ཞུ་དག་ཞིབ་བཤེར་འཕུར་སྐྱོད་བྱས།
    ཡུལ་ཤུལ་དཔལ་ཐང་གནམ་གྲུ་ཐང་ཧ་ལམ་མཚོ་ངོས་ལས་མཐོ་ཚད་མུས༣༩༥༠ཡོད་པ་དང་། གནམ་གྲུ་ཇམ་གི་ངོ་བོ་ནི་རྒྱལ་ནང་གི་ཡན་ལག་གནམ་གྲུ་ཐང་ཡིན།༢༠༠༧ལོའི་ཟླ༥བར་ཡུལ་ཤུལ་གནམ་གྲུ་ཐང་དངོས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་།ཞིང་ཆེན་ནང་ཁུལ་གྱི་ཟི་ལིང་ཚའོ་ཅ་པའོ་གནམ་གྲུ་འབབ་ཐང་གི་རྗེས་ཀྱི་དམངས་སྤྱོད་གནམ་གྲུ་ཐང་ཨང་གཉིས་པ་རེད།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།