༄༅ །། ཧུའུ་ཅིན་ཐའོ་ཡིས་བོད་ལྗོངས་ཀྱི་བདེ་འཇགས་ནི་རྒྱལ་ཡོངས་ཀྱི་བདེ་འཇགས་དང་འབྲེལ་ཡོད་ཅེས་གསུངས་པ་རེད

རྩོམ་པ་པོ།:གསལ་བོར་མི་ཤེས། ཡོང་ཁུངས།:བོད་ལྗོངས་ཆ་འཕྲིན་ལྟེ་གནས། དུས་ཚོད།:2008-02-22 17:12:26 ཀློག་གྲངས།:

   ཟླ་༣ཚེས་༦ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུུའུ་ཞི་བཅས་ཀྱི་འགན་བཞེས་པའི་ཧུའུ་ཅིན་ཐའོ་ཡིས་པེ་ཅིང་དུ་འཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོའི་བོད་ལྗོངས་ཀྱི་འཐུས་ཚབ་ཚོགས་པ་དང་མཉམ་དུ་སྲིད་གཞུང་གི་ལས་དོན་སྐོར་གྱི་སྙན་ཞུར་གྲོས་ཞིབ་གནང་སྐབས་འདི་སྐད། བོད་ལྗོངས་བརྟན་གནས་ཡོང་ཐུབ་པ་ཡིན་མིན་ནི་རྒྱལ་ཡོངས་བརྟན་གནས་ཡོང་ཐུབ་པ་ཡིན་མིན་དང་འབྲེལ་བ་ཡོད་ཅིང་། བོད་ལྗོངས་བདེ་འཇགས་ཡིན་མིན་ནི་རྒྱལ་ཡོངས་བདེ་འཇགས་ཡོང་བ་ཡིན་མིན་དང་འབྲེལ་བ་ཡོད་པ་ཞིག་ཡིན་པས། ངེས་པ་དོན་གྱིས་བོད་ལྗོངས་ཀྱི་མི་སེར་དག་གི་འཚོ་བ་ཇེ་ལེགས་སུ་གཏོང་བར་ཁག་ཐེག་བྱེད་པ་དང་། མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་བ། བོད་ལྗོངས་ཀྱི་སྤྱི་ཚོགས་བརྟན་གནས་དང་འཆམ་བསྟུན་ཡོང་བར་ཤུགས་ཡོད་དགུ་བཏོན་ནས་སྲུང་སྐྱོབ་བཅས་བྱེད་དགོས་ཞེས་ནན་གསུངས་པ་རེད།

      གྲོས་ཞིབ་གནང་སྐབས། བོད་ལྗོངས་ཀྱི་འཐུས་མི་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་གཏམ་བཤད་ཅིང་། སྤྲོ་སེམས་འཁོལ་བའི་ངང་གླེང་མོལ་གནང་བ་རེད། བོད་ལྗོངས་ཀྱི་རོང་འབྲོག་མི་སེར་དག་གི་ཉེ་བའི་ལོ་ཤས་རིང་གི་འཚོ་བའི་གནས་ཚུལ་སྐོར་གླེང་སྐབས། ལྷ་ས་ནས་ཕེབས་པའི་སྐལ་བཟང་སྒྲོལ་དཀར་ལགས་ཀྱིས་གྲོང་ཚོ་གསར་བའི་འགྱུར་ལྡོག་མཚོན་པའི་འདྲ་པར་འགའ་ཞིག་སྤྱི་ཁྱབ་ཧྲུའུ་ཅི་མཆོག་ལ་ཕུལ་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་མཆོག་གིས་འདྲ་པར་རྣམས་ལ་གཟིགས་ཏེ་ཐུགས་ཧ་ཅང་མཉེས་པོ་བྱུང་བ་རེད།

      ཧུའུ་ཅིན་ཐའོ་ཡིས་ཀྲང་ཆིང་ལི་དང་། བྱམས་པ་ཕུན་ཚོགས། ཞའོ་ཧུང་། དཔལ་ལྡན་མཚོ་མོ་སོགས་ཀྱིས་གཏམ་བཤད་པར་ཉན་རྗེས། བོད་ལྗོངས་ཀྱིས་ཚན་རིག་ལ་བརྟེན་ནས་འཕེལ་རྒྱས་གཏོང་བའི་ལྟ་བའི་བླང་བྱ་ལྟར། ཀྲུང་དབྱང་གི་བྱེད་ཕྱོགས་དང་སྲིད་ཇུས་དེ་ཉིད་བོད་ལྗོངས་ཀྱི་དོན་དངོས་ཟུང་འབྲེལ་དམ་པོ་བྱས་ཤིང་། ཀྲུང་གོའི་ཁྱད་ཆོས་དང་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་གཏོང་སྟངས་ཤིག་དོན་དུ་གཉེར་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་ཚོ་གསར་བ་འཛུགས་སྐྲུན་བྱེད་པའི་བྱ་གཞག་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལེགས་པར་བསྒྱུར་བ་དང་། བསྒྱུར་བཅོས་བསྡམས་གློད་བྱེད་པ་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས་བོད་ལྗོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་བྱ་དགོས་ཞེས་གསུངས་པ་རེད།

ཁོང་གིས། བོད་ལྗོངས་བརྟན་གནས་ཡོང་བ་ཡིན་ཡིན་མིན་ནི་རྒྱལ་ཡོངས་བརྟན་ལགནས་ཡོང་བ་ཡིན་མིན་དང་འབྲེལ་བ་ཡོད་ཅིང་། བོད་ལྗོངས་བདེ་འཇགས་སུ་གནས་པ་ཡིན་མིན་ནི་རྒྱལ་ཡོངས་བདེ་འཇགས་སུ་གནས་པ་ཡིན་མིན་དང་འབྲེལ་བ་ཞིག་ཡོད་པས། ངེས་པ་དོན་གྱིས་མི་སེར་གྱི་འཚོ་བ་ཇེ་ལེགས་སུ་གཏོང་བར་ཁག་ཐེག་དང་། མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་བ། བོད་ལྗོངས་ཀྱི་སྤྱི་ཚོགས་བརྟན་གནས་དང་འཆམ་བསྟུན་ཡིན་པར་ནུས་ཤུགས་ཡོད་ཚད་བཏོན་ནས་སྲུང་སྐྱོབ་བཅས་བྱེད་ དགོས་ཞེས་ནན་གྱིས་གསུངས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།