མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས་པ།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལྟེ་གནས་ཚན་ཆུང་གིས་ཉེ་ལམ་སློབ་སྦྱོང་ཚོགས་འདུ་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཚོ་སྔོན་སོགས་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བར་རོགས་སྐྱོར་བྱེད་པའི་སྐོར་གྱི་བསམ་འཆར་འགའ་དང༌། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཚོ་སྔོན་སོགས་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བར་རོགས་སྐྱོར་བྱེད་པའི་སྐོར་གྱི་བསམ་འཆར་འགར་ནན་ཏན་གྱིས་སློབ་སྦྱོང་བྱེད་པའི་ཐད་ཀྱི་བརྡ་ཐོ་དང༌། མཚོ་བྱང་ཁུལ་གྱིས་རྒྱལ་ཁབ་ཀྱི་བོད་ཁུལ་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དངོས་འབེབས་བྱེད་པའི་བྱ་བའི་ལས་འགན་ཞིབ་རྒྱས་ཀྱི་དབྱེ་ཞིབ་བསམ་འཆར་ཞེས་པའི་བསམ་འཆར་བསྡུ་ལེན་མ་ཡིག་བཅས་ཡིག་ཆ་གསུམ་གྱི་དགོངས་དོན་ལ་སློབ་སྦྱོང་བྱས། མཚོ་བྱང་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཚབ་མ་ཉི་མ་སྒྲོལ་མས་ཚོགས་ཐོག་ནས་གཏམ་བཤད་པ་དང༌། ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཅིན་ཁི་ཆིན་གྱིས་སློབ་སྦྱོང་ཚོགས་འདུ་ལ་མགོ་འཛིན་བྱས། ཉི་མ་སྒྲོལ་མས་ཚོགས་ཐོག་ནས་བྱ་བ་བཟང་པོར་སྒྲུབ་པ་དང་སློབ་སྦྱོང་གཙིགས་སུ་བཟུང་ནས། སློབ་སྦྱོང་དང་བྱ་བའི་བར་གྱི་འབྲེལ་བ་ཐག་གཅོད་བཟང་པོ་བྱེད་པ་དང༌།ལས་གཞི་བརྩོན་ལེན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིག་ཆའི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པའི་བར་གྱི་འབྲེལ་བ་ཐག་གཅོད་བཟང་པོ་བྱས་ཏེ། ལས་དོན་སྣ་ཚོགས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་དགོས་ཞེས་ནན་གྱིས་བསྟན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com