མཚོ་སྔོན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཟི་ལིང་ནས་ཚོགས་པ།

རྩོམ་པ་པོ།:བསོད་ནམས་ལྷ་མོ། ཡོང་ཁུངས།:http://zw.qh.gov.cn དུས་ཚོད།:2011-03-30 12:09:00 ཀློག་གྲངས།:

           མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་ཀྱི་མཉམ་འབྲེལ་གྲོས་ཚོགས་སྐབས་དྲུག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན་ཟི་ལང་ནས་ཚོགས། གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཡིག་གི་འབྲེལ་ཡོད་གཏན་འཁེལ་ལྟར། ལིག་ཀོས་ཡིག་དང་ལིས་ཞོ་ཡན། མཱ་ཅིན་པིའོ། ཐང་བན་ཧྥུན་སོགས་མི་བཅོ་ལྔ་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་དྲུག་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་ཁ་སྣོན་བྱས་པ་དང་། བློ་མཐུན་ལིས་ཞོ་ཡན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པར་བདམས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་མགོ་ཁྲིད་པ་དང་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་དྲུག་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་གྲོས་ཚོགས་སུ་ཞུགས།
           ཐེངས་འདིའི་གྲོས་ཚོགས་ནི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཕེལ་རྒྱས་གསར་བའི་རྒྱབ་ལྗོངས་འོག་ཚོགས་པའི་གྲོས་ཚོགས་གལ་ཆེན་ཐེངས་ཤིག་ཡིན་ལ། གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི་གཏིང་ཟབ་སྒོས་ཏང་གི་སྐབས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་རྒྱལ་ཡོངས་དང་མཚོ་སྔོན་ཞིང་ཆེན་དྲིལ་སྒྲོག་པུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་བཅས་ནན་ཏན་སློབ་སྦྱོང་བྱེད་པ་དང་། 2011ལོའི་བྱ་བའི་ལས་འགན་བཀོད་སྒྲིག་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་སྒྱུ་རྩལ་བྱ་བའི་རྣམ་པ་གསར་བ་གསར་གཏོད་བྱེད་པ་ཡིན།
            མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་པན་གོ་ཡིས་ཀྲུའུ་ཞི་ཚོགས་པའི་ཚབ་བྱས་ནས་ཁ་ཡིག་ལ་གསར་སྤེལ་མདུན་སྐྱོད་དང་ཡར་རྒྱས་བརྩོན་ལེན་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་རྣམ་པ་གསར་བས་མཚོ་སྔོན་གྱི་སྒྱུ་རྩལ་ལས་རིགས་ཀྱི་དར་རྒྱས་ཆེན་མོ་དང་གོང་འཕེལ་ཆེན་མོར་བྱས་རྗེས་འཇོག་དགོས་ཞེས་པའི་བྱ་བའི་སྙན་ཞུ་ཕུལ་བ་མ་ཟད། 2011ལོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་གནད་སའི་བྱ་བ་བཀོད་སྒྲིག་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།