མཚོ་ལྷོ་ཁུལ་གྱིས་དུག་འགོག་དྲིལ་སྒྲོག་གི་བྱ་བའི་ཤུགས་ཚད་ཆེ་རུ་བཏང་བ།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-06-14 10:25:00 ཀློག་གྲངས།:

        ཉེ་སྔོན།  མཚོ་ལྷོ་ཁུལ་དུག་འགོག་ཨུ་ཡོན་ལྷན་ཁང་གིས་མཚོ་ལྷ་ཁུལ་གྱི༢༠༡༡ལོའི་དུག་འགོག་དྲིལ་སྒྲོག་སློབ་གསོ་བྱ་བའི་བཀོད་སྒྲིག་ཅེས་པ་གཏན་འབེབས་བྱས་ཏེ༢༠༡༡ལོའི་དུག་འགོག་དྲིལ་སྒྲོག་བྱ་བར་བླང་བྱ་ངེས་གསལ་བཏོན་པ་གཤམ་གསལ་ལྟར།
        དུག་འགོག་བཅའ་ཁྲིམས་ཀྱི་དྲིལ་སྒྲོག་བྱ་བ་གཙོ་གནད་དུ་བཟུང་ཐོག  ཤུགས་ཆེན་པོའི་སྒོ་ནས་གསར་བྱུང་དུག་རྫས་ཀྱི་ཁྱད་ཆོས་དང་ཉེས་དམིགས་དྲིལ་བསྒྲགས་བྱེད་པ་དང་།  རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱིས་གསར་བྱུང་དུག་རྫས་ཀྱི་ཉེས་དམིགས་ལ་ངོས་འཛིན་དང་དོགས་ཟོན་བྱེད་པའི་འདུ་ཤེས་ཧུར་ཐག་སྒོས་ཇེ་དྲག་ཏུ་གཏོང་བ།  གཞོན་ནུ་དང་བྱིས་པ་གཙོ་གནད་དུ་བཟུང་ཐོག  ཉེན་ཁ་ཆེ་བའི་མི་ཚོགས་དང་གནས་ཡུལ་གལ་ཆེན་ཀྱི་དུག་འགོག་དྲིལ་སྒྲོག་སློབ་གསོ་བྱ་བ་ཤེད་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ།  སློབ་ཆུང་ལོ་རིམ་ལྔ་བ་ནས་མཐོ་འབྲིང་ལོ་རིམ་གཉིས་པའི་བར་དུག་འགོག་དོགས་ཟོན་སྐོར་གྱི་སློབ་ཚན་ཡོངས་ཁྱབ་ཀྱིས་བཀོད་སྒྲིག་བྱས་ཐོག   དུག་རྫས་སློབ་རའི་ནང་དུ་ཡོང་བར་མི་འཇུག་པ་དང་།  གཞོན་ནུ་དང་ལོ་ཆུང་བྱིས་པ་དུག་རྫས་དང་རིང་དུ་གྱེས་པ་ལ་སོགས་པའི་བྱ་འགུལ་སྒོ་ཀུན་ནས་གཏིང་ཟབ་ཏུ་སྤེལ་བ།  ལམ་ལུགས་ཀྱི་འཛུགས་སྐྲུན་གཙོ་གནད་དུ་བཟུང་ཐོག  དུག་འགོག་དྲིལ་སྒྲོག་སློབ་གསོའི་རྨང་གཞིའི་བྱ་བ་ཤུགས་ཆེན་པོས་མདུན་དུ་སྐུལ་བ་དང་།  བཟོ་ཚོགས་དང་གུང་གཞོན་ཚོགས་པ།  དེ་མིན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཐུན་འབྲེལ་བྱས་ཏེ།  དུག་འགོག་དེང་ལེན་པའི་བྱ་བ་ཚད་ལྡན་དུ་གཏོང་བ་དང་།  དུག་འགོག་དེང་ལེན་པའི་དཔུང་སྡེ་རྒྱ་སྐྱེད་གཏོང་བ།  དུག་འགོག་བཅའ་ཁྲིམས་ལག་ལེན་དོན་འཁྱོལ་བྱེད་པའི་གོ་སྐབས་དང་བསྟུན་ནས།  དུག་འགོག་དྲིལ་སྒྲོག་སློབ་གསོ་བྱ་བའི་ནང་རྐྱེན་མུ་མཐུད་དུ་གསར་འཛུགས་དང་འཐུས་ཚང་དུ་གཏོང་བ་དང་།  སྔར་ལས་ལྷག་པའི་སྒོ་ནས་འབྲེལ་ཡོད་སྡེ་ཁག་གི་དུག་འགོག་དྲིལ་སྒྲོག་སློབ་གསོ་བྱ་བའི་ལས་འགན་ཚད་ལྡན་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ།  སྤྱི་ཚོགས་ཀྱི་སྟོབས་ཤུགས་སྣ་ཚོགས་ལ་སྐུལ་བསྟོད་བྱས་ཏེ་དུག་འགོག་བྱ་བའི་ཁྲོད་ཞུགས་པའི་རྒྱུན་ཕན་ནང་རྐྱེན་འཚོལ་སྙེག་གསར་འཛུགས་བྱ་རྒྱུ་བཅས་སོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།