མཚོ་ལྷོ་ཁུལ་གྱིས་རྫོང་ལྔའི་དུད་ཐོའི་ལམ་ལུགས་བཅོས་སྒྱུར་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས་པ།

རྩོམ་པ་པོ།:ལྷ་འབྲུག་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-06-16 09:45:00 ཀློག་གྲངས།:
        ཉེ་སྔོན།  མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་དུད་ཐོ་ལམ་ལུགས་བཅོས་སྒྱུ་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་ཁུལ་གཏོགས་རྫོང་ཁག་ལྔ་བོར་ཕྱིན་ཏེ་དུད་ཐོའི་ལམ་ལུགས་བཅོས་སྒྱུར་བྱ་བའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།
        ལྟ་སྐུལ་ཞིབ་བཤེར་བྱ་བ་དེ་གཙོ་བོ་སྙན་ཞུ་ལ་གསན་པ་དང་།  ཡིག་ཆར་གཟིགས་ཞིབ་བྱེད་པ།  འདྲི་རྩད་བྱེད་པ།  བཞུགས་མོལ་ཚོགས་འདུ་བསྡུ་ལ་སོགས་པའི་རྣམ་པ་སྤྱད་དེ་རྫོང་སོ་སོའི་དུད་ཐོའི་ལམ་ལུགས་བཅོས་སྒྱུར་བྱ་བའི་རྩ་འཛུགས་མ་ལག་སྒྲིག་འཛུགས་བྱས་པའི་གནས་ཚུལ་དང་།  མཚོ་སྔོན་ཞིང་ཆེན་དང་མཚོ་ལྷོ་ཁུལ་གྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་ལག་བསྟར་བྱས་པའི་གནས་ཚུལ།  དུད་ཐོ་བཅོས་སྒྱུར་ཐད་ཀྱི་དྲིལ་སྒྲོག་བྱ་བ་སྤེལ་བའི་གནས་ཚུལ་དང་།  རྫོང་སོ་སོའི་དུད་ཐོ་བཅོས་སྒྱུར་བྱ་བའི་འགོ་འཁྲིད་ཚན་ཆུང་གིས་ཚོགས་འདུ་བསྡུས་པ་དང་།  དུད་ཐོ་བཅོས་སྒྱུར་བྱ་བའི་ནང་འཕྲད་པའི་དཀའ་ཁག་དང་གནད་དོན་ལ་ཇི་ལྟར་ཞིབ་འཇུག་ཐག་གཅོད་ཀྱིས་དུད་ཐོ་བཅོས་སྒྱུར་བྱ་བ་མདུན་སྐུལ་བྱས་པའི་གནས་ཚུགས་སོགས་ཕྱོགས་བཅུ་ནས་ལྟ་སྐུལ་ཞིབ་བཤེར་བྱས།
        ལྟ་སྐུལ་ཚན་ཆུང་གིས་རྫོང་ལྔའི་སྤྱི་བདེ་ལས་ཁུངས་ཀྱིས་དུད་ཐོ་བཅོས་སྒྱུར་བྱ་བའི་ཁྲོད་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་གནང་བ་དང་།  ལས་ཁུངས་གཞན་དག་གི་བྱ་བའི་ཁྲོད་གནས་པའི་མི་འདང་བའི་ཆ་ལ་བསམ་འཆར་བཏོན་པ་མ་ཟད།  རྫོང་སོ་སོའི་སྲིད་གཞུང་གིས་ལས་བགོས་འགན་འཁྲི་ལྟར་སྐུལ་སྒྲུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་བྱ་བ་འདི་ཉིད་ལེགས་སྒྲུབ་བྱ་དགོས་པའི་བླང་བྱ་ཡང་བཏོན་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།