མཚོ་ལྷོ་ཁུལ་གྱིས་ཡུལ་ཤུལ་ར་ཕྱུག་གོང་མ་ཞང་གི་སྡེ་བ་རིམ་པའི་གཞུང་ལམ་ལས་རོགས་བྱས་པ།

རྩོམ་པ་པོ།:བསོད་ནམས་ལྷ་མོ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2011-06-19 09:27:00 ཀློག་གྲངས།:

            མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ར་ཕྱུག་གོང་མའི་འབྲོག་དམངས་རྣམས་ཡར་མར་དུ་འགྲོ་བར་དཀའ་ཁག་ཆེ་བའི་གནད་དོན་སྔ་མོ་ནས་ཐག་གཅོད་ཆེད། ཟླ་དྲུག་པའི་ཟླ་དཀྱིལ་དུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་བཞི་འབུམ་དགུ་ཁྲི་བཞི་ལྷག་བཏང་བའི་སྤྱི་ལེ་བཞི་བཅུ་ལྷག་གི་སྣུམ་ལམ་གསུམ་དང་སྤྱི་ལེ་ཉེར་བརྒྱད་ཀྱི་ཨར་འདམ་གྱི་གཞུང་ལམ་བདུན། ཟམ་པ་གསུམ་བཅས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་མགོ་བརྩམས།  
            མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་ཤུལ་ལ་རོགས་སྐྲུན་བྱེད་པའི་བཀོད་འདོམས་པུའུ་ཡི་སྤྱིའི་བཀོད་འདོམས་པ་གཞོན་པ་རིན་ཅན་མེན་གྱིས་མཚམས་སྦྱོར་བྱས་དོན། ཐེངས་འདིའི་ལས་གཞི་དེ་ལེགས་འགྲུབ་བྱུང་རྗེས་ཡར་མར་དུ་འགྲོ་དཀའ་བའི་གནད་དོན་ཐག་བཅད་ནས་ཡུལ་ཤུལ་ར་ཕྱུག་གོང་མ་ཞང་གི་འབྲོག་དམངས་ལ་སྔ་མོ་ནས་ཁེ་ཕན་ཐོབ་པར་བྱེད་ཐུབ་ཟེར། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།