ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ཏེ་ལོ་དགུ་བཅུ་ལོན་པའི་རྟེན་འབྲེལ་ཚོགས་ཆེན་པེ་ཅིན་ནས་ཚོགས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2011-07-02 18:49:00 ཀློག་གྲངས།:

 

        ཟླ་བདུན་པའི་ཚེས་གཅིག་ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ཏེ་ལོ་དགུ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས། ཧུའུ་ཅིན་ཐའོ་དང་བུའུ་པང་གོ  བུན་ཅ་པའོ། ཅ་ཆིན་ལིན། ལིས་ཁྲང་ཁྲོན། ཞི་ཅིན་ཕེན། ལིས་ཁི་ཆང་། ཧི་གོ་ཆང་། ཀྲིག་ཡུང་ཁང་བཅས་ཚོགས་ཆེན་ལ་ཞུགས།

འདི་ནི་ཚང་མ་ཡར་ལངས་ཏེ། སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་ལེན་བཞིན་པའི་ཚུལ་རེད། 

        ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ཏེ་ལོ་དགུ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དེ་ཟླ་བདུན་པའི་ཚེས་གཅིག་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཚོགས་ཆེན་སྟེང་གསུང་བཤད་གལ་ཆེན་གནང་སྟེ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་དགུ་བཅུའི་གཟི་འོད་འབར་བའི་ལོ་རྒྱུས་རྒྱུད་རིམ་དང་བླངས་པའི་རླབས་ཆེན་གྲུབ་འབྲས་ཕྱིར་དྲན་དང་། ཏང་དང་མི་དམངས་ཀྱིས་བསྐྲུན་པའི་རིན་ཐང་བྲལ་བའི་ཉམས་མྱོང་སྤྱི་སྡོམ། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་བའི་འོག་ཏང་གི་འཛུགས་སྐྲུན་ཚན་རིག་ཅན་དུ་བསྒྱུར་བའི་ཆུ་ཚད་ཇེ་མཐོར་གཏོང་བའི་དམིགས་ཡུལ་དང་ལས་འགན་བཏོན་པ་དང་། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་ལས་དོན་སྒོ་ཀུན་ནས་མདུན་དུ་སྤེལ་བའི་སྲིད་ཇུས་དང་བྱེད་ཕྱོགས་ཆེན་པོ་རྒྱས་བཤད་མཛད། ཁོང་གིས་ཏང་ཡོངས་ཀྱི་བློ་མཐུན་རྣམས་ལ་ལོ་རྒྱུས་ཀྱི་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ་དང་། ཁེངས་སྐྱུང་གཟབ་ནན་དང་། ང་རྒྱལ་དང་འཚབ་འཚུབ་མེད་པའི་སྤྱོད་ཚུལ་ནམ་ཡང་སྲུང་འཛིན། དཀའ་སྤྱད་འབད་བརྩོན་གྱི་སྤྱོད་ཚུལ་ནམ་ཡང་སྲུང་འཛིན་བྱེད་པ་དང་། སྒྱུར་བཅོས་བྱེད་ཕོད་པ་དང་། གསར་སྐྲུན་བྱེད་ཕོད་པ། ནམ་ཡང་བག་མི་ཁུམ་ཞིང་རྗེས་སུ་མི་ལུས་པ། བློ་རྩ་བརྟན་ཞིང་བག་ཡངས་སུ་མི་གཏོང་བ། ཉེན་ཁ་གང་རུང་ལ་མི་སྐྲག་པ་དང་། བར་ཆད་གང་རུང་ལས་མགོ་མི་འཐོམ་པར། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་བརྒྱུད་དེ་དཔའ་ངང་གྱིས་མདུན་དུ་སྐྱོད་པ་དང་། སྤོབས་པ་ཆེར་སྐྱེད་ཀྱིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་དེའི་སྣེ་ཁྲིད་དེ་རང་ཉིད་ཀྱི་བདེ་སྐྱིད་འཚོ་བ་དང་ཀྲུང་ཧྭ་མི་རིགས་ཀྱི་མཛེས་ཤིང་ལྟ་ན་སྡུག་པའི་མ་འོངས་པ་གསར་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན།
        ཞི་ཅིན་ཕེན་གྱིས་ཚོགས་ཐོག་ནས་ཀྲུང་གུང་ཀྲུང་དབྱང་གི་རྒྱལ་ཡོངས་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་ཕུལ་དུ་བྱུང་བའི་གུང་ཁྲན་ཏང་ཡོན་དང་ཏང་གི་བྱ་བ་སྒྲུབ་མཁན་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་ཆོད་དོན་ཀློག་འདོན་བྱས།
        བུའུ་པང་གི་ཚོགས་ཆེན་ལ་མགོ་འཛིན་མཛད་སྐབས། བློ་མཐུན་ཧུའུ་ཅིན་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེན་ལས། རང་རེའི་ཏང་གི་ལོ་ངོ་དགུ་བཅུའི་གཟི་འོད་འབར་བའི་ལོ་རྒྱུས་རྒྱུད་རིམ་དང་རིན་ཐང་བྲལ་བའི་ཉམས་མྱོང་སྤྱི་སྡོམ་དང་། གནས་བབ་གསར་བའི་འོག་ཏུ་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དང་དེ་ལེགས་བཅོས་བྱེད་པའི་ཞིབ་འཇུག་བྱ་གཞི་གསར་བར་ལན་གསལ་བོ་བཏབ་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་དེ་འཕེལ་རྒྱས་སུ་གཏོང་བའི་རེ་བ་གསར་བ་ཕྱོགས་ཡོངས་ནས་རྒྱས་བཤད་མཛད་ཡོད་པས། ང་ཚོ་གནས་བབ་གསར་བ་དང་ལས་འགན་གསར་བར་མཐུན་ཐབས་བྱེད་པ་དང་། ཏང་གི་འཛུགས་སྐྲུན་གྱི་རླངས་ཆེན་བཟོ་སྐྲུན་གསར་བར་ཕྱོགས་ཡོངས་ནས་ཡར་སྐུལ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་ལས་དོན་ཕྱོགས་ཡོངས་བསྒྲུབ་པར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་དང་ཟབ་མོ་ལྡན། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་གསུང་བཤད་ཀྱི་དགོངས་ལ་ནན་ཏན་གྱིས་སློབ་སྦྱོང་དང་། དེར་གོ་བ་ཟབ་མོ་བླངས་ཏེ། བསམ་བློ་དང་བྱ་སྤྱོད་གཉིས་གསུང་བཤད་ཀྱི་དགོངས་དོན་ཐད་གཅིག་གྱུར་བྱེད་པ་དང་། གསུང་བཤད་ཀྱི་དགོངས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་བ་སྣ་ཚོགས་ཀྱི་ཁྲོད་དུ་ལག་བསྟར་དང་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཞེས་ནན་གྱིས་བསྟན།


འདི་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ཞི་ཅིན་ཕེན་གྱིས་ཚོགས་ཐོག་ནས་ཀྲུང་གུང་ཀྲུང་དབྱང་གི་རྒྱལ་ཡོངས་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་ཕུལ་དུ་བྱུང་བའི་གུང་ཁྲན་ཏང་ཡོན་དང་ཏང་གི་བྱ་བ་སྒྲུབ་མཁན་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་ཆོད་དོན་ཀློག་འདོན་བྱེད་པའི་ཚུལ་རེད།


འདི་ནི་རྒྱལ་ཡོངས་ཀྱི་གཞི་རིམ་སྔོན་ཐོན་ཏང་རྩ་འཛུགས་དང་། ཕུལ་དུ་བྱུང་བའི་གུང་ཁྲན་ཏང་ཡོན་དང་ཏང་གི་བྱ་བ་

སྒྲུབ་མཁན་གྱི་འཐུས་མི་རྣམས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད་པའི་ཚུལ་རེད། 

                                                                                                                                                                                                                                                      ལོ་ཙཱ་བ། ཀླུ་འབུམ་བྱམས།     


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།