མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2011-07-09 13:27:00 ཀློག་གྲངས།:

        མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཁ་གཏད་རོགས་སྐྱོར་གཞུང་སྒྲུབ་ཁང་ལ་མཉམ་འབྲེལ་བྱས་ཏེ་ཟི་ལིང་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས། ན་ནིང་གི་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན། སྐོར་དང་པོའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་བརྒྱ་དང་གཉིས་མཚོ་སྔོན་ལ་ཐོན་པ་དང་། ད་ལྟའི་བར་དུ། རོགས་སྐྱོར་བྱེད་པའི་ཕྱོགས་སོ་སོས་བསྡོམས་པས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་མོ་དུང་ཕྱུར་བཞི་དང་བྱེ་བ་བདུན་དངོས་འབེབ་བྱས་པ་དང་། ཆ་རྐྱེན་གཅིག་ཀྱང་མ་བཏོན་པར་སྒོར་མོ་བྱེ་བ་གཉིས་དང་ས་ཡ་གཉིས་ཀྱིས་རོགས་སྐྱོར་བྱས།
        གྲོས་ཚོགས་སྟེང་། ན་ནིང་གི་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་མཚོ་སྔོན་ལ་ཡོང་སྟེ་བྱ་བ་བསྒྲུབས་ནས་ལོ་གཅིག་འགོར་བའི་རིང་ལ། སྐོར་དང་པོའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་བརྒྱ་དང་གཉིས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་མི་དམངས་བཅས་ཀྱི་མཛའ་བརྩེ་ཟབ་མོ་སེམས་ལ་བཅངས་ཤིང་། དར་རྒྱས་ཆེ་བའི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་ཀྲུང་དབྱང་ཁེ་ལས་བཅས་ཀྱི་སྔོན་ཐོན་འདུ་ཤེས་དང་སྤྱོད་ཚུལ་བཟང་བོ་སེམས་ལ་བཅངས་པ་དང་། འགན་འཁྲིའི་འདུ་ཤེས་མཐོན་པོ་སེམས་ལ་བཅངས་ནས། བློ་གཅིག་སེམས་གཅིག་དང་རང་ནུས་ཅི་ལྕོགས་ཀྱིས་ནུས་པ་བཏོན་ནས། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་བཟང་པོ་བཞག་ཅེས་བསྟན།

                                                                                                                                          ལོ་ཙཱ་བ། ཕྱུག་ལོ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།