མཚོ་ལྷོ་ཁུལ་གྱིས་གཞི་རིམ་ལས་བྱེད་པ་ཁྲི་གཅིག་ལྷག་ལ་གསོ་སྦྱོང་བྱེད་པ།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ད་ལོ་ནི་གཞི་རིམ་ལས་བྱེད་པའི་བྱང་ཚད་ཇེ་མཐོར་གཏོང་བའི་ལོ་ཞེས་གཏན་འཁེལ་བྱས་ཏེ་ཁུལ་ཐོག་ཏུ་ལས་བྱེད་པ་ཁྲི་ལྷག་ལ་གསོ་སྦྱོང་བྱེད་པའི་འཆར་གཞི་གཏན་འབེབས་བྱས་ནས་འབད་བརྩོན་གྱིས་ད་ལོར་ཁུལ་དང་། རྫོང་། ཞང་། སྡེ་བ་བཅས་རིམ་པ་བཞི་ཡི་ལས་བྱེད་པ་ཁྲི་གཅིག་དང་དགུ་བརྒྱར་གསོ་སྦྱོང་བྱེད་དུ་འཇུག་པའི་ལས་འགན་ཡོངས་འགྲུབ་བྱས་ཏེ་སྤྱི་ཚོགས་དོ་དམ་དང་སྤྱི་ཚོགས་འཆམ་མཐུན་གྱི་ནུས་པ་ཇེ་ལེགས་སུ་གཏོང་བར་ཡར་སྐུལ་བྱེད་རྒྱུ་རེད།
གསོ་སྦྱོང་བྱེད་སྐབས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡིས་རིམ་པ་སོ་སོའི་ལས་བྱེད་པའི་ཚན་རིག་ལག་རྩལ་འཕེལ་རྒྱས་སུ་གཏོང་པའི་ནུས་པ་ཇེ་མཐོར་གཏོང་བར་དམིགས་ཏེ་ཁུལ་ཡོངས་ཀྱི་རྫོང་རིམ་པའི་ལས་བྱེད་པ་གསོ་སྦྱོང་བྱེད་པའི་འཛིན་གྲྭ་དང་། གཞོན་དར་རྗེས་གྲབས་ལས་བྱེད་པ་གསོ་སྦྱོང་བྱེད་པའི་འཛིན་གྲྭ སྐྱེ་ཁམས་ཕྱུགས་ལས་ལ་དོམ་དམ་བྱེད་པའི་མི་སྣ་ཨོ་སི་ཁྲི་ལི་ཡ་རྒྱལ་ཁབ་ཏུ་ལྟ་སྐོར་བྱེད་དུ་འཇུག་པ། བོད་ཁུལ་གྱི་ཞང་དང་གྲོང་བརྡལ་འཆར་འགོད་བྱེད་པའི་མི་སྣ་ཨུ་རུ་སི་རྒྱལ་ཁབ་ཏུ་སོང་ནས་གསོ་སྦྱོང་བྱེད་པ་སོགས་ལས་རིགས་སྣ་ཚོགས་ཐད་ཀྱི་་མི་སྣ་གསོ་སྦྱོང་བྱས་ཤིང་། བསྡོམས་པས་མི་སྟོང་བརྒྱད་དང་ལྔ་བརྒྱ་གྱ་དྲུག་གསོ་སྦྱོང་ལ་ཞུགས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com