པང་གདན་བསླས་ནས་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་བྱས་ཡོད་པ།
པར་རིས་འདི་ནི་ལས་སྣོན་བཟོ་གྲྭའི་ལས་བཟོ་པ་བདེ་སྐྱིད་ཆོས་སྒྲོན་གྱིས་པང་གདན་སླ་བཞིན་ཡོད་པའི་ཚུལ་ཡིན་པ་དང་། ལོ་གཅིག་གི་ཡོང་འབབ་སྒོར་ཁྲི༡.༥ཡས་མས་སུ་སླེབས་ཀྱི་ཡོད།
གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་བརྡལ་གྱི་པང་ཁེབས་དང་པང་གདན་ལ་དུས་ཡུན་རིང་བའི་ལོ་རྒྱུས་ལྡན་པ་དང་། ༢༠༠༦ལོའི་ཟླ༦པའི་ནང་དུ་གྲོང་བརྡལ་འདིའི“བོད་རིགས་ཀྱི་པང་གདན་བསླས་བཟོ་བྱེད་པའི་ལག་རྩལ”དེ་རྒྱལ་ཁབ་ཀྱི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་སུ་གཏན་འཁེལ་གནང་ཡོད་པ་དང་། ༢༠༠༧ལོའི་ཟླ༦པར་གྲོང་བརྡལ་འདིའི་ཞིང་པ་སྐལ་བཟང་ཉིད་རྒྱལ་ཁབ་ཀྱི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཐོན་རྫས་ལག་རྩལ་རྒྱུད་འཛིན་བྱེད་པའི་མཚན་ཐོའི་གྲས་སུ་ཚུད་ཡོད་ལ། ཁོང་གིས་གསར་སྐྲུན་གནང་བའི་ལས་སྣོན་བཟོ་གྲྭ་དང་། བཟོ་གྲྭ་དེས་ཐོན་སྐྱེད་བྱས་པའི“ལྕེ་ཞོལ” རྟགས་ཅན་གྱི་ལག་ཤེས་བཟོ་ལས་ཐོན་རྫས་དེ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་ཁྲོམ་རས་འཕྲོག་རྩོད་བྱེད་པའི་དངོས་ཟོག་ཅིག་ཏུ་གྱུར་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com