རིག་སྨོན་གྲོང་བརྡལ་ནས་གུང་ཧོ་རྫོང་ཐོག་བར་གྱི་དུས་སྐབས་གཉིས་པའི་གཞུང་ལམ་བཟོ་སྐྲུན་དངོས་སུ་ལས་མགོ་བརྩམ

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-11-25 10:15:52 ཀློག་གྲངས།:

  སྤྱིའི་རིང་ཚད་ལ་སྡོམ་པས་སྤྱེ་ལེ་སོ་བདུན་ལྷག་ཡོད་པ་དང་མ་དངུལ་སྒོར་མོ་དུང་ཕྱུར་ལྔ་ལྷག་གཏོང་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་བརྡལ་ནས་གུང་ཧོ་རྫོང་ཐོག་བར་གྱི་དུས་སྐབས་གཉིས་པའི་གཞུང་ལམ་བཟོ་སྐྲུན་ཚེས་བཞི་ཉིན་དངོས་སུ་ལས་མགོ་བརྩམས། དེ་ལས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐོག་ནས་རྒྱལ་ལམ་གཉིས་གཅིག་བཞིའི་བར་ལ་རླངས་འཁོར་ཤར་གཏོང་བྱེད་ཐུབ་པར་མ་ཟད་ཟི་ལིང་གྲོང་ཁྱེར་གྱི་མྱུར་སྐྱོད་གཞུང་ལམ་དང་ཐད་ཀར་དུ་འབྲེལ་ཐུབ་པར་གྱུར།

  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཞུའུ་ཧྥུའུ་ཧྲོང་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བས་ལས་གཞི་ལས་མགོ་བརྩམས་པའི་དར་ཚོན་བཅད། ལས་གཞི་དེ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་བརླིང་དང་ཅུང་མགྱོགས་པོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ནང་གི་གཅིག་ཡིན་ལ། རང་ཞིང་གི་འགྲིམ་འགྲུལ་སྡེ་ཁག་གིས་ཧུར་ཐག་སྒོས་རྒྱལ་ཁབ་ཀྱི་ནང་མཁོ་རྒྱ་སྐྱེད་པ་དང་བོད་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་ཁོག་སོབ་མ་དངུལ་དངོས་འབེབ་བྱས་ནས།  ལས་གཞི་ལས་མགོ་རྩོམ་པའི་ཤུགས་ཚད་ཇེ་ཆེར་གཏོང་བའི་མཚོན་རྟགས་ཤིག་ཀྱང་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།