མཚོ་ལྷོ་རོགས་སྐྲུན་ལས་ཁུངས་ཀྱིས་ཡུས་ཧྲུའུ་བསྐྱར་འཛུགས་བྱ་བ་བདེ་བླག་ངང་སྤེལ་གྱི་ཡོད།
མིག་སྔའི་བར་དུ་ཡུས་ཧྲུའུ་གནོད་འཚེ་རྗེས་ཀྱི་བསྐྱར་འཛུགས་བྱ་བར་རོགས་སྐྲུན་བྱེད་བཞིན་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རོགས་སྐྲུན་ལས་ཁུངས་ཀྱི་ཡུས་ཧྲུའུ་རྫོང་ར་ཕྱུག་གོང་མ་ཞང་གི་བཟོ་སྐྲུན་སྣ་ཚོགས་ཀྱི་འཕེལ་རིམ་བདེ་བླག་རེད། ཁོ་ཚོས་སྡེ་བ་བདུན་གྱི་གཅིག་བསྡུས་སྡོད་ས་བརྒྱད་ནས་སྔ་གཞུག་ཏུ་ཁྱིམ་ཚང་བདུན་བརྒྱ་དང་དོན་གཉིས་ཀྱི་སྡོད་ཁང་ལས་འགོ་བརྩམས་པ་དང་། དེས་སྤྱིའི་ལས་འགན་གྱི་སྡོད་ཁང་སྟོང་གཅིག་དང་དགུ་བཅུ་ཡི་བརྒྱ་ཆའི་བདུན་ཅུ་ཟིན།
རྒྱུས་ལོན་བྱུང་པ་ལྟར་ན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རོགས་སྐྲུན་ལས་ཁུངས་ཀྱི་ལས་འགན་གཙོ་བོ་ནི་རོང་འབྲོག་པའི་སྡོད་ཁང་དང་སྤྱི་བའི་ཞབས་ཞུའི་སྒྲིག་ཆས། རྨང་གཞིའི་སྒྲིག་ཆས། འཆམ་མཐུན་ཁྱིམ་གཞི་བཅས་རིགས་ཆེན་པོ་བཞི་ཡི་ལས་གཞི་སོ་དགུ་ཡིན་ལ། སྤྱིའི་མ་དངུལ་ཕལ་ཆེར་སྒོར་མོ་དུང་ཕྱུར་གཉིས་དང་བྱེ་བ་ལྔ་གཏོང་རྒྱུ་རེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རོགས་སྐྲུན་ལས་ཁུངས་ཀྱི་ད་ལོའི་ལས་འགན་གཙོ་བོ་ནི་རོང་འབྲོག་པའི་སྡོད་ཁང་འཛུགས་སྐྲུན་བྱེད་པ་དེ་ཡིན། མིག་སྔར་ཁོ་ཚོས་ཁྱིམ་ཚང་བཅུ་ཡི་སྡོད་ཁང་གི་ཁང་ཀླད་བཀབ་པ་དང་སྡོད་ཁང་ཉིས་བརྒྱ་དང་ལྔ་ཡི་རྨང་གཞིའི་བཟོ་སྐྲུན་འཛུགས་སྐྲུན་བྱས་ཚར་བར་མ་ཟད། སྡོད་ཁང་ལྔ་བརྒྱ་དང་ང་བདུན་གྱི་རྨང་འདིང་བཞིན་ཡོད་ལ་བཟོ་སྐྲུན་སྣ་ཚོགས་གོ་རིམ་ཡོད་པའི་ངང་སྤེལ་བཞིན་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com