བོད་སྤོས་བཟོ་སྐྲུན་བྱ་བ་མུ་མཐུད་དུ་འཕེལ་རྒྱས་ཀྱི་ལམ་ལ་ཞུགས་ཀྱི་ཡོད།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2010-11-05 10:38:00 ཀློག་གྲངས།:


ལག་བཟོའི་བོད་སྤོས།

  བོད་སྤོས་ནི་ནང་བསྟན་ཆོས་ལུགས་རིག་གནས་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་མེད་དུ་མི་རུང་ལ།  བོད་སྤོས་ཀྱི་གྲུབ་ཆའི་ནང་རང་བྱུང་དྲི་རྫས་དང་སྨན་རྫས་སོགས་འདུས་ཤིང་།  དེས་ལུས་ཀྱི་འབྱུང་ཁམས་བདེ་བར་བྱེད་པ་དང་།  དུག་འཇོན་གྱི་ནུས་པ་སོགས་ལྡན།  རྒྱལ་ཁབ་ཕྱི་ནང་གི་ཚོང་རས་དགའ་བསུ་ཆེན་པོ་ཐོབ་པ་རེད།  བོད་ལྗོངས་སུ་བོད་སྤོས་ཐོན་སྐྱེད་ཀྱི་ཁེ་ལས་བཟོ་གྲྭ་ཡོད་པ་མ་ཟད།  དགོན་པ་མང་ཆེ་བས་ཀྱང་བོད་སྤོས་བཟོ་རྩལ་བརྒྱུད་འཛིན་བྱེད་རྒྱུ་དེ་རང་གི་འགན་ཁུར་ཡིན་པའི་འདུ་ཤེས་བཟུང་ལ།  དེ་ཡང་དཔེར་ན་འབྲི་གོང་མཐིལ་དགོན་པ་ལྟ་བུ་རེད།  ཧྲང་ཧེ་འཛམ་གླིང་དངོས་མང་འགྲམ་ཚོགས་ཀྱི་བོད་ལྗོངས་བྱ་འགུལ་སྟེང་འབྲི་གོང་མཐིལ་དགོན་པའི་བཙུན་པ་དཀོན་མཆོག་འོད་ཟེར་གྱིས་བོད་སྤོས་བཟོ་རྩལ་ཡུལ་དངོས་ནས་འགྲམ་སྟོན་བྱས་ཤིང་།  བོད་སྤོས་བཟོ་རྩལ་མུ་མུཐུད་དུ་འཕེལ་པར་རེ་བ་བཅོལ་གྱི་ཡོད། 
 འབྲི་གོང་མཐིལ་དགོན་པ་ནི་ལྷ་སའི་ཤར་ཕྱོགས་ཀྱི་མལ་གྲོ་གུང་དཀར་རྫོང་གི་ཁུངས་སུ་གཏོགས་ཤིང་།  བོད་རྒྱུད་ནང་བསྟན་བཀའ་རྒྱུད་པའི་དགོན་པ་ཞིག་ཡིན། 2008ལོའི་ཟླ6པའི་ནང་བོད་སྤོས་བཟོ་རྩལ་དེ་རྒྱལ་ཁབ་རིམ་པའི་མངོན་འགྱུར་མ་ཡིན་པའི་རིག་གནས་ཤུལ་བཞག་གི་གྲས་སུ་འཚུད་པ་རེད། 
 ཚང་མས་ཤེས་གསལ་ལྟར།  བོད་སྤོས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་ལག་རྩལ་ཁོ་ན་མ་ཡིན་པར།  ད་དུང་དེའི་རང་བྱུང་མ་བཅོས་རྒྱུ་ཆ་སོགས་ཡིན་ཏེ།  ལྷག་པར་དུ་མཐོ་བོད་ཀྱི་རྩ་ཆེན་སྨན་རྫས་རྩི་ཤིང་སོགས་རེད།  ཡིན་ཡང་རྩི་ཤིང་འདི་རིགས་འཐོག་པའི་སྐབས་སུ་རྒྱུན་དུ་ཤིང་རྩ་ནས་འབྱིན་པས་སྐྱེ་ཁམས་གཞན་ལ་གནོད་པ་འཐེབས་ཀྱི་ཡོད་ཅིང་།  ཡང་བོད་སྤོས་ལ་ལ་ཞིག་གི་ནང་དུ་གླ་རྩི་དང་ཤེལ་ཏ་སོགས་སྲོག་ཆགས་ཀྱི་རིགས་ཀྱང་གཏོགས་པ་རེད།  དེར་བརྟེན།  ལོ་འདི་འགའི་ནང་འབྲི་གོང་མཐིལ་དགོན་པས་བོད་སྤོས་བཟོ་བའི་གོ་རིམ་ཁྲོད་དུ།  སྨན་རྫས་རྩི་ཤིང་སོགས་རྩ་བ་ནས་འབྱིན་བའི་སྲོལ་དེ་ལོ་མ་འཐོག་པར་ཕར་བསྒྱུར་བྱས་པ་རེད། 
 ད་ལྟ་འབྲི་གོང་མཐིལ་དགོན་པར་བོད་སྤོསས་བཟོ་མཁན་བཙུན་པ་བཞི་མ་གཏོགས་མི་འདུག་ཅིང་།  ཚོང་རའི་རང་བཞིན་གྱི་ལམ་དེར་འགོ་བརྩམས་མ་ཐག་རེད།   


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།