མཚོ་སྔོན་ཞིང་ཆེན་གཏེར་ལེན་ཁ་དམངས་སྤྱོད་གནམ་གྲུ་ཐང་གི་རྨང་འདིང་བའི་མཛད་སྒོ་གཟབ་རྒྱས་ངང་སྤེལ།
གཏེར་ལེན་ཁ་དམངས་སྤྱོད་གནམ་གྲུ་ཐང་གི་རྨང་འདིང་བའི་མཛད་སྒོ།
ཉེ་སྔོན། དར་ཚོན་ལྷབ་ལྷབ་དུ་སྐྱོད་ཞིང་རྔ་སྒྲས་ཡོངས་སུ་ཁེངས་བའི་དགའ་སྟོན་དུས་བཟང་གི་ཉིན་མོ་འདིར། མཚོ་སྔོན་ཞིང་ཆེན་གཏེར་ལེན་ཁ་དམངས་སྤྱོད་གནམ་གྲུ་ཐང་གི་རྨང་འདིང་བའི་མཛད་སྒོ་དེ་གཏེར་ལེན་ཁའི་དཔལ་ཡོན་གཙང་བོའི་འགྲམ་དུ་གཟབ་རྒྱས་ངང་བསྡུས།
མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་མཚོ་ནུབ་ཁུལ་ཨུའི་ཧྲུའུ་ཅི་ལོ་ཁྲའོ་ཡང་གིས་མཛད་སྒོར་འགོ་འཛིན་མཛད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅུའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་ཆང་ཝེ་དང༌། ཞིང་ཆེན་ཏང་ཨུའི་འགོ་གཙོ་གཞོན་པའམ་མཚོ་སྔོན་ཞིང་ཆེན་གྱི་འགོ་གཙོ་གཞོན་པ་ལོ་ཧོས་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་འགོ་གཙོ་གཞོན་པ་ཞོས་ཧྥུ་ཧྲོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མ་ཧྥུའུ་ཧེ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མ་ཀྲུ་ཝེ། དམངས་སྤྱོད་མཁར་འགྲུལ་ནུབ་བྱང་ས་ཁུལ་དོ་དམ་ཅུའུ་ཡི་ཏང་ཨུའུ་ཧྲུའུ་ཅི་ཝང་ཀྲི་ཆིན། ནུབ་ཕྱོགས་གནམ་གྲུ་ཐང་མཐུན་ཚོགས་ཚད་ཡོན་ཀུང་ཟིའི་སྤྱི་གཉེར་བའམ་ཏང་ཨུའི་ཧྲུ་ཅིས་ཏི་ཞས་ཁོས། མཚོ་ནུབ་ཁུལ་ཏང་ཨུའི་ཧྲུ་ཅི་གཞོན་པའམ་ཁུལ་དཔོན་ནོ་ཝེ་ཞིན་འཁོར་དང་བཅས་པ་མཛད་སྒོ་ཞུགས། ལན་གྲུ་དམག་ཁུལ་གྱི་མཁའ་དམག་དང་ཞིང་ཆེན་འབྲེལ་ཡོད་སྡེ་ཁག འཛུགས་སྐུན་ལྟ་ཞིབ་ལས་ཁུངས་སོགས་ཀྱི་འགན་ཁུར་བ་དང་གཏེར་ལེན་ཁ་གྲོང་ཁྱེར་གྱི་དམངས་ཚོགས་སྟོང་ལྷག་རྨང་འདིང་བའི་མཛད་སྒོར་ཞུགས།
རྨང་འདིང་བའི་མཛད་སྒོའི་སྟེང༌། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ནུབ་བྱང་ས་ཁུལ་དོ་དམ་ཅུའུ་ཡི་ཏང་ཨུ་ཧྲུའུ་ཅི་ཝང་ཀྲི་ཆིན་དང་ནུབ་ཕྱོགས་གནམ་གྲུ་ཐང་མཐུན་ཚོགས་ཚད་ཡོན་ཀུང་ཟིའི་སྤྱི་གཉེར་བའམ་ཏང་ཨུའི་ཧྲུའུ་ཅི་ཧི་ཞོས་ཁོས་གཉིས་ཀྱིས་སོ་སོར་ཤིས་ཚིགས་ཕུལ། ཞིང་ཆེན་ཏང་ཨུ་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཞུའུ་ཧྥོའུ་ཧྲོན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཤིས་ཚིགས་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆང་ཝེ་དང་ཞིང་ཆེན་ཏང་ཨུའུ་ཧྲི་ཅི་གཞོན་པ། མཚོ་སྔོན་ཞིང་ཆེན་གྱི་འགོ་གཙོ་ལོ་ཧོས་ཉིན་སོགས་འགོ་ཁྲིད་ཀྱིས་བཟོ་སྐྲུན་རྨང་འདིང་བའི་དར་ཚོན་བཅད།
གཏེར་ལེན་ཁ་དམངས་སྤྱོད་གནམ་གྲུ་ཐང་ནི་ཟི་ལིང་དང་ན་གོར་མོ། ཡུལ་ཤུལ་བཅས་གསུམ་གྱི་དམངས་སྤྱོད་གནམ་གྲུ་བབས་ཆོག་པའི་ཞིང་ཆེན་ནང་ཁུལ་གྱི་གནམ་གྲུ་ཐང་བཞི་བ་ཡིན་ལ། མཚོ་སྔོན་ཞིང་ཆེན་དང་མཚོ་ནུབ་ཁུལ་གྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་བའི་སྐབས་སུ་འཛུགས་སྐྲུན་བྱེད་བཞིན་པའི་འགྲིམ་འགྲུལ་ལས་གཞི་གལ་ཆེན་ནང་གི་གཅིག་ཡིན། གནམ་གྲུ་ཐང་ནི་མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་གྱི་ནུབ་ལྷོའི་ཕྱོགས་ཀྱི་དཔལ་ཡོན་གཙང་བོའི་ལྷོ་ཕྱོགས་སུ་ཡོད། གྲོང་ཁྱེར་གྱི་བར་ལ་སྤྱི་ལེ་ཉེར་དགུ་ལྷག་ཡོད་པ་དང་གནམ་གྲུ་ཐང་གི་མཐོ་ཚད་རྒྱ་མཚོ་ངོས་ལས་སྨིས2860ཡོད།
གཏེར་ལེན་ཁ་དམངས་སྤྱོད་གནམ་གྲུ་ཐང་འཛུགས་སྐྲུན་བྱས་ན། སྔར་ལས་ལྷག་པའི་སྒོ་ནས་ལུགས་མཐུན་དང་ཁྱད་ཆོས་འབུར་དུ་ཐོན་པའི་མཚོ་ནུབ་ས་ཁུལ་གྱི་འགྲིམ་འགྲུལ་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་ནུབ་རྒྱུད་མཁའ་འགྲུལ་སྐྱེལ་འདྲེན་གྱི་མ་ལག་འཛུགས་སྐྲུན་བྱེད་པ། མཚོ་སྔོན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་མ་ལག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་རིམ་པའི་ཚྭ་འདམ་གཞོང་སའི་འཁོར་རྒྱུག་དཔལ་འབྱོར་གྱི་ཚོད་ལྟ་ས་ཁུལ་འཕེལ་རྒྱས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་ཇེ་དམ་དུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་ཐོན་ཁུངས་སྔོག་འདོན་དང་དཔལ་འབྱོར་འཛུགས་སྐྲུན། བཅོས་བསྒྱུར་སྒོ་འབྱེད། ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་ཐད་ལ་དོན་སྙིང་གལ་ཆེན་ལྡན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com