ལྷ་སའི་བར་སྐོར་ན་མིང་དུ་གྲགས་བཞིན་པའི་ཤེས་རབ་ཀྱི་རས་བཟོས་གདོང་འབག

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-01-07 10:15:00 ཀློག་གྲངས།:


ཤེས་རབ་ཀྱིས་རང་གི་ལག་རྩལ་ལས་བྱུང་བའི་རས་བཟོས་
གདོང་འབག་ངོ་སྤྲོད་བྱེད་ཀྱི་ཡོད་པ།

  ལྷ་སའི་བར་སྐོར་གྱི་ཤེས་རབ་ཚོང་ཁང་དུ་ཆེས་མཛེས་སྡུག་ལྡན་པ་དང་ཡུལ་སྐོར་བ་ཚོའི་མིག་དབང་ཅིག་ཅར་དུ་འཕྲོག་པ་ནི་ཁོ་དང་ཁོ་བོའི་སློབ་ཕྲུག་ཚོས་བཟོས་པའི་སྲོལ་རྒྱུན་གྱི་ཆོས་ལུགས་གདོང་འབག་དེ་རེད།    དེ་ཡང་གདོང་འབག་གིས་བོད་ཀྱི་ནང་བསྟན་ཆོས་ལུགས་ཁྲོད་ནུས་པ་གལ་ཆེན་འདོན་གྱི་ཡོད་པ་སྟེ།   རྒྱུན་པར་ཆོས་ལུགས་ཀྱི་མཛད་སྒོ་ནང་འཆམ་འཁྲབ་པ་སོགས་ཀྱི་དུས་སུ་ངེས་པར་མཁོ་ངེས་ཤིག་རེད།


ལག་རྩལ་ཁྱད་ཆོས་འབུར་དུ་ཐོན་པའི་གྱང་ངོས་ཀྱི་རས་བཟོས་གདོང་འབག

   སྤྱིར་བཏང་དུ་རས་བཟོས་གདོང་འབག་དེ་བཟོ་བར་བརྒྱུད་རིམ་ངེས་ཅན་ཞིག་ལ་འཇུག་དགོས་པ་སྟེ།   ཐོག་མར་བལ་དང་བོད་ཤོག       ད་དུང་བོད་སྤུས་བཅས་རྫས་སོགས་ལྷན་དུ་སྦྱོར་ཞིང་།  དེ་ནས་རིམ་བཞིན་ལུགས་རྒྱག་པ་དང་། ཁ་དབུགས་ཁྲོད་སྐམ་དུ་བཅུག་རྗེས་དེའི་སྟེང་དུ་ཚོན་བྱུགས་པ་སོགས་བྱེད་དགོས།


སློབ་ཕྲུག་ཞིག་གིས་རས་བཟོས་གདོང་འབག་ལ་ཚོན་བྱུགས་ཀྱི་ཡོད་པ།

   ཤེས་རབ་ཀྱིས་བཤད་རྒྱུར།  རས་བཟོས་གདོང་འབག་བཟོ་རྒྱུ་ནི་ལས་སླ་མོ་ཞིག་མ་ཡིན་པར།  དེ་ལ་ལག་རྩལ་ཡག་ཤོས་དང་།  དཀའ་ཁག་ཆེ་དུས་སམ་སུན་སྣང་སྐྱེས་དུས་རྣལ་སེམས་དངོས་མ་ཞིག་ཀྱང་དགོས་ཀྱི་འདུག་ཟེར།
  ཁོ་བོ་རང་ཉིད་ཀྱི་ལས་འདི་དང་ཚོང་ཁང་ལ་སྤྲོ་བ་ཆེན་པོ་ལྡན་ཞིང་།  ད་ལྟ་ཁོའི་ཚོང་ཁང་འདི་བོད་ལྗོངས་ན་ཆེས་ཆེ་བའི་གདོང་འབག་བཟོ་སྐྲུན་ལྟེ་གནས་སུ་གྱུར་ཡོད་པ་རེད། ཁོས་རང་ཉིད་ཀྱི་གདོང་འབག་བཟོ་རྩལ་དེ་མི་རབས་ནས་མི་རབས་བར་རྒྱུད་སྤྲོད་བྱེད་འདོད་པ་དང་རྒྱུད་སྤྲོད་བྱེད་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་ཡོད་པ་རེད།


རས་བཟོས་སྲོག་ཆགས་གདོང་འབག

  ཉེ་བའི་ལོ་འགའི་ནང་།   མི་མང་པོ་ཞིག་བོད་ཀྱི་ལག་བཟོས་སྒྱུ་རྩལ་ལ་སྤྲོ་བ་ཆེན་པོ་རྒྱས་བཞིན་ཡོད་ཅིང་།   ཤེས་རབ་དང་ཁོའི་བཟོ་གྲོགས་པ་རྣམས་ཀྱིས་གོ་སྐབས་འདི་དང་བསྟུན་ནས་བོད་ཀྱི་སྲོལ་རྒྱུན་ལག་བཟོ་སྒྱུ་རྩལ་ཕྱོགས་ལ་འབད་པ་གང་ལེགས་བགྱིས་ཏེ་ལག་རྩལ་དང་མཛེས་རྩལ་སོགས་ཀྱི་ཕྱོགས་ནས་ཡར་བསྐྱེད་བྱེད་པའི་དམིགས་འབེན་མ་ལྷོད་པར་བརྩོན་གྱི་ཡོད་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།