ངོས་དང་པོ > སྐབས་དོན། > སྤྱི་ཚོགས་དཔལ་འབྱོར། > ལྗོངས་ཡོངས་ཀྱི་དངུལ་ལོར་རྫུན་མ་བཀག་འགོག་བྱེད་པའི་ལས་ཀའི་མཉམ་བཞུགས་ཚོགས་འདུ་ལྷ་སར་སྐོང་འཚོགས་བྱས་པ།
ལྗོངས་ཡོངས་ཀྱི་དངུལ་ལོར་རྫུན་མ་བཀག་འགོག་བྱེད་པའི་ལས་ཀའི་མཉམ་བཞུགས་ཚོགས་འདུ་ལྷ་སར་སྐོང་འཚོགས་བྱས་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན།
དུས་ཚོད།:2011-01-30 09:03:00
ཀློག་གྲངས།:
ཉེ་དུས། ལྗོངས་ཡོངས་ཀྱི་དངུལ་ལོར་རྫུན་མ་བཀག་འགོག་བྱེད་པའི་ལས་ཀའི་མཉམ་བཞུགས་ཚོགས་འདུ་ལྷ་སར་སྐོང་འཚོགས་བྱས་པ་དང་། ཚོགས་འདུའི་ཐོག་ལོ་ལྔ་ཚན་བཅུ་གཅིག་པའི་རིང་བོད་ལྗོངས་ཀྱིས་དངུལ་ལོར་རྫུན་མ་བཀག་འགོག་བྱེད་པའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཕྱོགས་སྡོམ་དང་། ད་ལོའི་དངུལ་ལོར་རྫུན་མ་བཀག་འགོག་བྱེད་པའི་ལས་འགན་གསར་པ་བཀོད་སྒྲིག་བྱས་པ་མ་ཟད། ད་དུང་བོད་རང་སྐྱོང་ལྗོངས་ཀྱི་དངུལ་ལོར་རྫུན་མ་བཀག་འགོག་བྱེད་པའི་ལས་ཀའི་མཉམ་བཞུགས་ཚོགས་འདུའི་ལམ་ལུགས་ལ་གྲོས་འཆམ་བྱུང་བ་རེད།
བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་རིང་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། རྡོ་རྗེ་ཚེ་རིང་ཀྱིས་ས་ཁུལ་ཁག་དང་ཚན་པ་ཁག་གིས་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། དངུལ་ལོར་རྫུན་མ་བཟོ་བ་དང་འཚོང་བའི་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པ་དང་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། དངུལ་ལོར་རྫུན་མ་བཟོ་བའི་ཉེས་གསོག་བྱ་སྤྱོད་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྤྱི་ཚོགས་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་བྱས་ནས། སྤྱི་ཚོགས་ཡོངས་ལ་ཁྱབ་པའི་དངུལ་ལོར་རྫུན་མ་བཀག་འགོག་བྱེད་པའི་ལྟ་སྐུལ་ཚོད་འཛིན་དྲ་བ་ཆགས་པ་བྱས་ཏེ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་དང་སྐྱོན་བྲལ། སྙོམས་སྒྲིག་བཅས་ཀྱི་སྒོ་ནས་གོང་འཕེལ་ཡོང་རྒྱུར་ཁོར་ཡུག་བཟང་པོ་བསྐྲུན་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།
གཞན་ཡང་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་དེའི་སྔ་དྲོར་རྡོ་རྗེ་ཚེ་རིང་ད་དུང་འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི2011 ལོའི་ལས་དོན་ཚོགས་འདུར་ཕེབས་པ་དང་། ཚོགས་འདུའི་ཐོག2010ལོའི་འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ལས་དོན་སྤེལ་ཚུལ་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་དང་ཕྱི་མིག་བལྟས་པ་མ་ཟད། ད་ལྟའི་དངུལ་རྩའི་དུས་བབ་ལ་དབྱེ་ཞིབ་དང2011ལོའི་ལས་འགན་ཁག་བཀོད་སྒྲིག་བྱས་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། 2010ལོར་འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ནས། སྤྱིར་བཏང་རང་བཞིན་གྱི་དངུལ་བཅོལ་ཚད་སྒོར་དུང་ཕྱུར335 ཟིན་པ་དང་རིགས་ཁག་གི་དངུལ་བུན་བསྐྱིས་ཚད་སྒོར་དུང་ཕྱུར96ལྷག་ཙམ་ཟིན་པ། ཁེ་སྤོགས་སྒོར་དུང་ཕྱུར6ལྷག་ཙམ་ཟིན་པ་བཅས་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།