མཚོ་སྔོན་ཞིང་ཆེན་དུ་ཚེ་ལོ་བརྒྱ་ལ་སོན་པའི་ལོ་ལོན81ཡོད་པ་དང་།དེ་ལས་ལོ་ན་ཆེས་མཐོ་བ་ནི111ཅན་ཞིག་ཡིན།
ཟླ1ཚེས27ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་ལོ་བགྲེས་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་གསལ། ན་ནིང་གི་སྡོམ་བརྩིས་ཀྱི་གྲངས་ཀ་ལྟར་ན། མཚོ་སྔོན་ཞིང་ཆེན་དུ་ཚེ་ལོ་བརྒྱ་ལ་སོན་པའི་ལོ་ལོན81ཡོད་པ་དང་། ལོ་སྔོན་མ་དང་བསྡུར་ན་མི7འཕར་སྣོན་བྱུང་།དེ་ལས་ལོ་ཆེས་ཆེ་བ་ནི་ལོ111ཅན་གྱི་ལོ་ལོན་ཞིག་ཡིན།
རྒྱུས་ལོན་བྱས་པ་ལྟར་ན་ཚེ་ལོ་བརྒྱ་ཅན་གྱི་ལོ་ལོན81གི་ཁྲོད་དུ་ཟི་ལིང་གྲོང་ཁྱེར་དུ་མི24དང་མཚོ་ཤར་ས་ཁུལ་དུ་མི4། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་མི2། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་མི5། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་མི8། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་མི23། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་མི12བཅས་ཡོད།
ན་ནིང་ཡུལ་ཤུལ་ཁུལ་གྱི་ཚེ་ལོ་བརྒྱ་ལ་སོན་པའི་ལོ་ལོན་ལོ་སྔོན་མ་དང་བསྡུར་ན་མི4འཕར་བསྣོན་བྱུང་། ཞིང་ཆེན་ཡོངས་ཀྱི་ལོ་ཆེས་བགྲེས་པའི་ལོ་ལོན་དེ་ནི་ཕྱི་ལོ1900ལོའི་ཟླ1པའི་ཚེས2ཉིན་ཟི་ལིང་གྲོང་ཁྱེར་གྱི་མཁར་བྱང་ཁུལ་གྱི་ཞོལ་ཀྲེ་སྡེ་བར་སྐྱེས་ཤིང་མིང་ལ་ཀྲང་ཡུ་མེ་ཟེར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com