མཚོ་ལྷོ་ཁུལ་གྱིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱེད་པ།
“ལོ་ལྔའི་འཆར་གཞི་བཅུ་གཅིག”གི་སྐབས་སུ། མཚོ་ལྷོ་ཁུལ་གྱི་ཡུལ་སྐོར་ལས་རིགས་ཏེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དང་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། སྡེ་ཁག་རིམ་པའི་མཐོང་ཆེན་གཙིགས་འཛིན་འོག་འཕེལ་རྒྱས་ཆེན་པོ་བྱུང་ཡོད།
མཛེས་ལྗོངས་ས་གནས་ཀྱི་འཛུགས་སྐྲུན་ནུས་ཤུགས་ཆེར་བསྐྱེད་པ་དང་ཡུལ་སྐོར་ཐོན་རྫས་རིགས་ཉིན་རེ་བཞིན་ཇེ་ལེགས་སུ་བཏང་སྟེ། ཡུལ་སྐོར་སྣ་འཛོམས་ཐོན་རྫས་ཀྱི་ནུས་ཤུགས་རྒྱ་བསྐྱེད་ནས། ཁུལ་ཡོངས་ཀྱི་ཡུལ་སྐོར་ལས་རིགས་མགྱོགས་མྱུར་ངང་དུས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད་པ་རེད།
“ལོ་ལྔའི་འཆར་གཞི་བཅུ་གཅིག”སྐབས། མཚོ་ལྷོ་ཁུལ་གྱིས་ཡུལ་སྐོར་ལས་རིགས་ཏེ“ཐོད་བརྒལ་ཅན་དང་ལྗངས་མདོག་ཅན། འཆམ་མཐུན་ཅན། གཅིག་གྱུར་འཆར་འགོད་ཅན་དུ་འཕེལ་རྒྱས”འགྲོ་བ་དེ་དགོངས་དོན་དུ་བཟུང་ནས། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་འཐབ་ཕྱོགས་དང་གཙང་གསུམ་ཡུལ་སྐོར་སྐྱེ་ཁམས་ས་ཁུངས་གཙིགས་སུ་བཟུང་ནས། བསམ་བློ་བཅོས་བསྒྱུར་དང་འཕེལ་རྒྱས་བཅོས་བསྒྱུར་ཀྱི་རྣམ་པ་བསྐྱེད་དེ། ཁྲི་ཀའི་སྣ་འཛོམས་ཡུལ་སྐོར་གསར་སྤེལ་དཔེ་སྟོན་ས་ཁུངས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། མཚོ་ལྷོ་ཁུལ་གྱི་ཡུལ་སྐོར་ཐོན་རྫས་དེ་རྒྱལ་མང་དཔལ་འབྱོར་འཕེལ་རྒྱས་འགྲོ་བྱེད་ཀྱི་སྲོག་སྙིང་ལྟ་བུར་གསོ་སྐྱོང་བྱེད་པ་དང་། “རྨ་ཆུ་སྔོན་མོ་ཁྲི་ཀའི་རྒྱན། མཐོ་སྒང་འབྲི་ཆུའི་མཁར་གྲོང་སྤེལ། ཡུལ་སྐོར་སྤྲོ་གསེང་གནས་འདི་ཡིན”ཞེས་པའི་ཁྲི་ཀའི་ཡུལ་སྐོར་ཚོང་རྟགས་གཙོ་བོ་གསར་གཏོད་བྱས་ཏེ་ཡོད་ལ། ཁྲི་ཀའི་སྣ་འཛོམས་ཡུལ་སྐོར་གསར་སྤེལ་དཔེ་སྟོན་ས་ཁུངས་དཀྱིལ་སྙིང་བཟུང་ནས། མཚོ་སྔོན་པོ་དང་ལུང་གཡང་གྲོང་བརྡལ། ཁྲི་ཀ་ཁམས་རའིAརིམ་པའི་མཛེས་ལྗོངས་ཡུལ་སྐོར་བརྒྱུད་པའི་བགྲོད་ལམ་འཛུགས་སྐྲུན་བྱས་ཡོད།
“ལོ་ལྔའི་འཆར་གཞི་བཅུ་གཅིག”སྐབས། མ་དངུལ་སྒོར་དུང་ཕྱུར40བརྩོན་ལེན་བྱས་ཏེ། ཡུལ་སྐོར་གྱི་སྐར་རིམ་མགྲོན་ཁང7འཛུགས་སྐྲུན་བྱེད་རྒྱུ་དང་། ཁྲི་ཀ5Aརིམ་པའི་མཛེས་ལྗོངས་ཡུལ་སྐོར་ས་ཁུངས་དང་། རྨ་ཆུའི་འགྲམ་བརྒྱུད4Aརིམ་པའི་མཛེས་ལྗོངས་ས་ཁུངས་སུ་འཛུགས་སྐྲུན་བྱེད་རྒྱུ།
“ལོ་ལྔའི་འཆར་གཞི་བཅུ་གཅིག”ལོ་མཇུག་ཏུ་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་མགྲོན་པོ་ཁྲི233ལྷག་སྣེ་ལེན་བྱེད་རྒྱུ་དང་། ཡུལ་སྐོར་ཡོང་སྒོ་སྒོར་ཁྲི16ལ་བསླེབས་ངེས་དང་། སྐར་རིམ་ཤང་སྡེ་རུ་ཡུལ་སྐོར་སྣེ་ལེན་ཁྱིམ་ཚང320དང་། ཤང་སྡེ་ཁྱད་ཆོས་ཅན་གྱི་ཡུལ་སྐོར་སྣེ་ལེན་སྡེ་བ4ལ་ཐོན་དུ་འཇུག་རྒྱུའི་འཆར་གཞི་བཀོད་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com