བོད་ལྗོངས་དང་ན་གོར་མོ་བར་གྱི་མེ་འཁོར་མྱུར་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་རེད།
གསར་འགོད་པས་མཚོ་བོད་ལྕགས་ལམ་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་ལན་ཀྲུའུ་དང་མཚོ་སྔོན་བར་གྱི་ལྕགས་ལམ་དང་མཚོ་བོད་ལྕགས་ལམ་གྱི་བོད་ལྗོངས་དང་ན་གོར་མོའི་བར་གྱི་ལྕགས་ལམ་དུམ་བུ་ཁག་ཅིག་གི་མེ་འཁོར་གྱི་མྱུར་ཚད་ཆུ་ཚོད་གཅིག་ལ་སྤྱི་ལེ106མགྱོགས་སུ་གཏོང་རྒྱུ་ཡིན་པ་དང་། མྱུར་ཚད་དཀྱུས་མའི་ལྕགས་ལམ་ནས་མྱུར་ཚད་མགྱོགས་སུ་གཏོང་བའི་ལྕགས་ལམ་ལ་འགྱུར་བ་བཏང་ཡོད་པས་མྱུར་ཚད་ལ་འགྱུར་བ་ཆེན་པོ་འགྲོ་རྒྱུ་རེད།
མཚོ་བོད་ལྕགས་ལམ་ཀུང་སིའི་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝང་ཤིན་ཝན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།2010 ལོར་མཚོ་བོད་ལྕགས་ལམ་ཀུང་སིའི་ལྕགས་ལམ་འབོར་ཆེན་ཞིག་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་མྱུར་ཚད་མགྱོགས་སུ་གཏོང་བའི་ལྕགས་ལམ་དུམ་བུ་རྒྱུན་ཆད་མེད་པར་ཇེ་མང་དུ་བཏང་བ། ལྕགས་ལམ་དྲ་བའི་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ནས་སྐྱེལ་འདྲེན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད་པ་མ་ཟད་འགྱུར་བ་ཆེན་པོ་གསུམ་མངོན་འགྱུར་བྱུང་ཡོད་པ་སྟེ། གཅིག་བགྲོད་ལམ་ཐིག་ནས་གཉིས་བགྲོད་ལམ་ཐིག་གི་གློག་ཤུགས་ཅན་ལ་འགྱུར་བ་བྱུང་དང༌། ནང་འབར་མེ་འཁོར་ནས་གློག་ཤུགས་མེ་འཁོར་ལ་འགྱུར་བ་བྱུང་བ། མྱུར་ཚད་དཀྱུས་མ་ནས་མྱུར་ཚད་མགྱོགས་པར་འགྱུར་བ་བྱུང་བ་བཅས་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com