སྡེ་དགེ་རྫོང་གིས་ན་ལོར་ཉེན་མེད་འཐུ་ཆུའི་ལས་གྲྭ12གསར་འཛུགས་བྱས་པ།

རྩོམ་པ་པོ།:དབྱངས་ཅན། ཡོང་ཁུངས།:ཁམས་པའི་དྲ་བ། དུས་ཚོད།:2011-03-06 11:25:00 ཀློག་གྲངས།:
            ན་ལོར་སྡེ་དགེ་རྫོང་ཆུ་བེད་ཅུས་ཀྱིས་ ཞིང་སྡེའི་མི་འབོར་གྱི་ཉེན་མེད་འཐུང་ཆུའི་དཀའ་གནད་སེལ་བའི་གྲ་སྒྲིག་ལས་ཀར་དམ་འཛིན་བྱ་རྒྱུ་ཚད་མཐོན་པོས་མཐོང་ཆེན་བྱས་པར་མ་ཟད། ཧུར་ཐག་གིས་རྫོང་འབྲོག་གཞིས་ཆགས་སྡོད་ཁང་གཞུང་ལས་ཁང་དང་རང་འདེགས་དམ་ཚགས་བྱས་པ་དང་། རྐང་འཛིན་མི་སྣ་བདམས་མངག་བྱས་ཏེ་འབྲོག་པའི་གཞིས་ཆགས་སྡོད་ཁང་སྐྲུན་ཡུལ་གྱི་དུས་སྐབས་སྔ་མའི་ཐིག་ལེན་ཇུས་འགོད་ཀྱི་ལས་འགན་བསྒྲུབས་ཟིན་པར་མ་ཟད། ཡིད་ལྷུང་དང་།ཨོ་སྒང་། རྫོགས་ཆེན།ན་མདོ།ཨ་ཕྱུག་སོགས་ཤང་ལ་ཉེན་མེད་འཐུང་ཆུའི་ཨར་ལས12གསར་སྐྲུན་བྱས་པ་དང་། ཤང་དང་གྲོང་རྡལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་དང་གཞོགས་འདེགས་ཧུར་ཐག་བྱས་པ། ཨར་ལས་རུ་ཁག་གིས་མྱུར་ཚད་ལྟར་ཨར་ལས་སྒྲུབ་པ།
             མིག་སྔའི་བར་ཉེན་མེད་འཐུང་ཆུའི་ཨར་ལས་ཁག7སྒྲུབ་ཟིན་ནས་དུད་ཚང1941ཡི་མི་གྲངས6000ཡི་ཉེན་མེད་འཐུང་ཆུ་རག་ཐུབ་རྒྱུའི་གནད་དོན་ཐག་གཅོད་བྱས་ཟིན་པ། ད་ལོར་རྫོང་དེའི་ཆུ་བེད་ཅུས་ཀྱིས་ཞིང་སྡེའི་མི་འབོར་གྱི་ཉེན་མེད་འཐུང་ཆུའི་ཨར་ལས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་མི་གྲངས8000ལ་ཉེན་མེད་འཐུང་ཆུ་རག་ཐུབ་རྒྱུ་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།