ངོས་དང་པོ > སྐབས་དོན། > སྤྱི་ཚོགས་དཔལ་འབྱོར། > གོང་དཀར་གནམ་གྲུ་ཐང་གི་བསྒྱུར་བཟོ་རྒྱ་བསྐྱེད་ལས་གཞི་ཡོངས་ད་ལོའི་སྤྱི་ཟླ6པའི་ནང་མཇུག་སྒྲིལ་རྒྱུ་ཡིན་པ།
གོང་དཀར་གནམ་གྲུ་ཐང་གི་བསྒྱུར་བཟོ་རྒྱ་བསྐྱེད་ལས་གཞི་ཡོངས་ད་ལོའི་སྤྱི་ཟླ6པའི་ནང་མཇུག་སྒྲིལ་རྒྱུ་ཡིན་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན་དྲ་བ།
དུས་ཚོད།:2011-03-17 10:51:00
ཀློག་གྲངས།:
ཉེ་དུས་གསར་འགོད་པར་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཡན་ལག་ཅུས་ནས་ཤེས་རྟོགས་བྱུང་བར། གོང་དཀར་གནམ་གྲུ་ཐང་གི་བསྒྱུར་བཟོ་རྒྱ་བསྐྱེད་ལས་གཞིའི་རྣམ་གྲངས་ཁག་གི་འཕེལ་རིམ་ད་བར་བདེ་བླག་བྱུང་ཡོད་པ་དང་ལས་གཞི་ཡོངས་ད་ལོའི་སྤྱི་ཟླ6པའི་ཟླ་དཀྱིལ་དུ་མཇུག་སྒྲིལ་བཟོ་ཡོད་པ་རེད།
དེའི་སྐབས་གོང་དཀར་གནམ་གྲུ་ཐང་གིས་རྣམ་པ་གསར་པའི་ཐོག་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་འགྲུལ་པར་སྣེ་ལེན་བྱེད་རྒྱུ་ཡིན་པ་རེད། ཤེས་རྟོགས་བྱས་པར་གཞིགས་ན། གོང་དཀར་གནམ་གྲུ་ཐང་གི་བསྒྱུར་བཟོ་རྒྱས་བསྐྲུན་རྣམ་གྲངས་ནི་རང་ལྗོངས་ཀྱིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ60འཁོར་བའི་རྟེན་འབྲེལ་ཆེ་མོའི་འཛུགས་བསྐྲུན་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པ་དང་དེའི་ནང་གོང་དཀར་གནམ་གྲུ་ཐང་གི་གནམ་གྲུ་འཕུར་བསྐྱོད་ཁུལ་གྱི་བཟོ་བཅོས་དང་རྟ་སྒ་ཆ་སྒྲིག་ལས་གཞི་དང༌། འབབ་ཚུགས་གསར་པའི་ཁུལ་གྱི་རྒྱལ་སྒོ་བཟོ་བཅོས་ལས་གཞི། གཞུང་ལམ་བཟོ་བཅོས་ལས་གཞི། ལམ་རྒྱུད་ཀྱི་འཛུགས་བསྐྲུན་དངོས་པོ་དང་གནམ་གྲུ་སྒུག་ས་རྙིང་པའི་ཕྱི་རོལ་གྱི་གྱང་དང་སྔོ་ལྗང་ཁུལ་བཟོ་བཅོས་ལས་གཞི་སོགས་ཚུད་ཡོད་པ་རེད།
དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཡན་ལག་ཅུས་ཀྱི་འགན་འཁུར་མི་སྣས་གོང་དཀར་གནམ་གྲུ་ཐང་གིས་འཕུར་བསྐྱོད་ཁུལ་གྱི་རྒྱུགས་ལམ་བཟོ་བཅོས་བྱས་ནས་རིང་དུ་གཏོང་རྒྱུ་མ་ཟད་དེ་དང་དུས་མཚུངས། གོང་དཀར་གནམ་གྲུ་ཐང་འབབ་ཚུགས་ཀྱི་རྒྱལ་སྒོ་བཟོ་བཅོས་བྱས་ནས་ཡག་ཏུ་གཏོང་རྒྱུ་ཡིན་པ་རེད། གནམ་གྲུ་ཐང་དང་ཉེ་འཁོར་གྱི་ཁོར་ཡུག་མཛེས་སུ་གཏོང་ཆེད་ད་དུང་ལམ་རྒྱུད་ཀྱི་འཛུགས་བསྐྲུན་དངོས་པོ་དང་མི་སྒུག་ས་རྙིང་པའི་ཕྱི་རོལ་གྱི་གྱང་ལེགས་བཟོ་བྱེད་རྒྱུ་མ་ཟད། རྒྱལ་ནང་ནས་ཆེད་ལས་མཁས་པ་གདན་དྲངས་ཏེ་རིག་གནས་མངོན་པར་བྱེད་པའི་གྱང་འཆར་འགོད་བྱས་པ་རེད་ཅེས་ངོ་སྤྲོད་གནང་བ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།