ལྷོ་ཁ་ས་ཁུལ་གྱིས་ལྷོ་ཁའི་ཤེས་ལྡན་མི་སྣའི་ཐོན་ཁུངས་གསར་སྤེལ་ཐེབས་རྩ་འཛུགས་རྒྱུ་ཡིན་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན་དྲ་བ། དུས་ཚོད།:2011-03-18 09:49:00 ཀློག་གྲངས།:
            གསར་འགོད་པས་ལྷོ་ཁ་ས་ཁུལ་དུ་ཚོགས་པའི་ཤེས་ལྡན་མི་སྣའི་ལས་དོན་སྙོམས་སྒྲིག་ཚོགས་ཆུང་གི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེ་བའི་ས་ཁུལ་གྱི་འཐབ་ཇུས་ལག་ལྟར་བྱེད་མགྱོགས་སུ་གཏོང་ཆེད། ལྷོ་ཁ་ས་ཁུལ་གྱིས་ལྷོ་ཁའི་ཤེས་ལྡན་མི་སྣའི་ཐོན་ཁུངས་གསར་སྤེལ་ཐེབས་རྩ་འཛུགས་རྒྱུ་རེད། 
            ཤེས་ལྡན་མི་སྣའི་ཐོན་ཁུངས་ཐེབས་རྩ་བཙུགས་རྗེས་ཀྱི་ཐོན་ཁུངས་གཙོ་བོ་སྲིད་གཞུང་གིས་མ་འཇོག་བྱེད་རྒྱུ་དང་། མི་བེད་སྤྱོད་བྱེད་མཁན་དང་སྤྱི་ཚོགས་ཀྱི་མ་འཇོག མི་སྒེར་གྱི་མ་འཇོག་བཅས་བྱེད་རྒྱུས་ཁ་གསབ་བྱས་ཏེ། ཁ་གཏད་རོགས་སྐྱོར་བྱེད་རྒྱུ་དང་ཟུང་འབྲེལ་བྱ་རྒྱུ་རེད། ལྷོ་ཁ་ས་ཁུལ་གྱིས་ལོ་ལྟར་ས་ཁུལ་ནོར་སྲིད་ནས་མ་འཇོག་སྒོར་ཁྲི་ཚོ200བྱ་རྒྱུ་དང་། ཧུའུ་ནན་དང་ཧུའུ་པའེ། ཨན་ཧུའེ་བཅས་ཞེང་ཆེན་གསུམ་གྱིས་བོད་སྐྱོར་མ་དངུལ་ནང་ནས་སྒོར་ཁྲི་ཚོ200རེ་བཀོད་སྒྲིག་བྱས་ནས་ཤེས་ལྡན་མི་སྣའི་ཐོན་ཁུངས་གསར་སྤེལ་ཐེབས་རྩ་བྱེད་རྒྱུ་ཡིན་པ་རེད། 
            ལྷོ་ཁ་ས་ཁུལ་ཨུ་ཡོན་ལྷན་ཁང་རྩ་འཛུགས་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་གནང་བར་གཞིགས་ན། ཤེས་ལྡན་མི་སྣའི་ཐོན་ཁུངས་གསར་སྤེལ་ཐེབས་རྩ་བཙུགས་རྗེས་གཙོ་གནད་མངོན་གསལ་དོད་པོ་དང་། ཚན་རིག་དང་མཐུན་པའི་འཆར་འགོད། ལུགས་མཐུན་བེད་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་ས་ཁུལ་དེའི་རྫོང་ཁག་དང་ཚན་པ་ཁག་གི་ཤེས་ལྡན་མི་སྣའི་རྣམ་གྲངས་གཏན་འཁེལ་བྱས་རྗེས། མ་དངུལ་གཏོང་སྒོའི་ཐད་ལུགས་མཐུན་གྱི་གྲོས་འགོ་བཏོན་པ་རེད། 
            ས་ཁུལ་ཨུ་ཡོན་ལྷན་ཁང་ཤེས་ལྡན་མི་སྣའི་ལས་དོན་སྙོམས་སྒྲིག་ཚོགས་ཆུང་གི་ཆོག་མཆན་ཐོབ་པ་བརྒྱུད་མ་དངུལ་གཏོང་འཇོག་བྱེད་རྒྱུ་ཡིན་པ་དང་། ཤེས་ལྡན་མི་སྣའི་ཐོན་ཁུངས་གསར་སྤེལ་ཐེབས་རྩ་དེ་ཆེད་དངུལ་ཆེད་སྤྱོད་བྱེད་རྒྱུ་ཡིན་པས། གལ་ཏེ་ལོ་དེར་མ་དངུལ་ལྷག་འཕྲོ་ཡོད་ན་ལོ་ཕྱི་མར་མུ་མཐུད་བེད་སྤྱོད་བྱེད་རྒྱུ་ཡིན་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།