བོད་ལྗོངས་ཀྲུང་ཤིན་ཚོང་ལས་ཉོ་ཚོང་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སི་དངོས་སུ་བཙུགས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན་དྲ་བ། དུས་ཚོད།:2011-04-08 11:05:00 ཀློག་གྲངས།:

            ཉེ་དུས།  བོད་ལྗོངས་ཀྲུང་ཤིན་ཚོང་ལས་ཉོ་ཚོང་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སི་དངོས་སུ་བཙུགས་པ་རེད།  དེས་བོད་ཀྱི་ཚོང་ལས་ཉོ་ཚོང་དངོས་ཟོག་འཁོར་རྒྱུག་ཁེ་ལས་ལམ་ལུགས་བསྒྱུར་བཅོས་དང་བསྐྱར་སྒྲིག་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་གོམ་སྟབས་ཤིག་སྤོས་པ་མཚོན་གྱི་ཡོད་ལ།  དཔལ་འབྱོར་གོང་འཕེལ་གཏོང་ཐབས་འགྱུར་བ་གཏོང་མགྱོགས་སུ་གཏོང་བ་དང་།  ཕྱི་ཕྱོགས་ཉོ་ཚོང་དང་དངོས་ཟོག་འཁོར་རྒྱུག  ཞབས་ཞུའི་ལས་རིགས་ལ་རྒྱབ་སྐྱོར་བྱས་ཏེ་ལྷོ་ཨེ་ཤི་ཡའི་ཉོ་ཚོང་སྐམ་ལམ་ཆེན་མོ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་རེད།
            ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་དང་།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་གཡོས་ཕིང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཏིང་ཞའོ་ཀང་།  རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལེའུ་ཆིན་ཧུད་བཅས་ཀྱིས་ཁག་སོ་སོར་ཀྲུང་ཤིན་ཚོང་ལས་ཉོ་ཚོང་ཚོགས་པ་ཀུང་སིའི་བོད་རྒྱ་ཡིག་རིགས་གཉིས་བྲིས་པའི་སྒོ་བྱང་གི་ཡོལ་བ་ཕྱེས་པ་རེད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཏིང་ཡས་ཤན་གྱིས་སྒོ་བྱང་གི་ཡོལ་བ་ཕྱེ་བའི་མཛད་སྒོའི་ཐོག་གསུང་བཤད་གནང་བ་རེད།
            ཏིང་ཡས་ཤན་གྱིས་གསུང་བཤད་གནང་སྐབས།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ལྗོངས་ཀྲུང་ཤིན་ཚོང་ལས་ཉོ་ཚོང་ཚོགས་པ་བཙུགས་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་ཆེན་པོ་བྱེད་ཀྱི་ཡོད་པས།  བོད་ལྗོངས་ཀྲུང་ཤིན་ཚོང་ལས་ཉོ་ཚོང་ཚོགས་པས་རང་ལྗོངས་ཀྱི་ཕྱི་ནང་ཉོ་ཚོང་གོང་འཕེལ་དང་དམངས་ཀྱི་འཚོ་བ་ལེགས་བཅོས་དང་འགན་སྲུང་བྱེད་པ།  འཁོར་རྒྱུག་འཁྲུག་ཏུ་གཏོང་བ་བཅས་ལ་ཁྲིད་སྟོན་བྱེད་པའི་གཟི་བརྗིད་འགན་འཁྲི་འཁུར་ནས།  རང་སྐྱོང་ལྗོངས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ཁྱོན་ཡོངས་ཆེན་མོར་ཞབས་ཞུ་བྱེད་རྒྱུ་དང་བསྟུན་དགོས་པ་དང་།  གོང་འཕེལ་གྱི་བསམ་ཕྱོགས་གསལ་པོ་དང་ལམ་ལུགས་ཟུངས་ནུས་འཐུས་ཚང་དུ་བཏང་ནས།  གོ་སྐབས་དམ་འཛིན་དང་ཆོད་སེམས་བརྟན་པོ།  གསར་འབྱེད་ཡར་བརྩོན།  ལས་ཀ་ཏན་ཏིག་བཅས་བྱས་ཏེ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་བྱེད་དགོས་པ་དང་།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་བོད་ཀྱི་ཚོང་ལས་ཉོ་ཚོང་འཁོར་རྒྱུག་ལས་རིགས་ཚན་རིག་དང་མཐུན་པའི་གོང་འཕེལ་དང་མཆོངས་སྐྱོད་ལྟ་བུའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་ནས།  རང་ལྗོངས་ཀྱི་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་གོང་འཕེལ་གཏིང་ཟབ་ཏུ་གཏོང་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།  


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།