“གྲོང་གསེབ་ཀྱི་ཡུལ་སྐོར་སྤྲོ་འཆམ”གྱིས་ཡུལ་སྐོར་སྤྲོ་འཆམ་གྱི་དམངས་ཕྱུག་འདུ་འགོད་ལ་སྐུལ་འདེད་ཐེབས་པ།

རྩོམ་པ་པོ།:རིན་ཆེན་གྱིས་བསྒྲིགས། ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར།    དུས་ཚོད།:2011-04-13 11:00:00 ཀློག་གྲངས།:
        རྒྱུས་ལོན་བྱས་པ་ལྟར་ན།  བོད་ལྗོངས་ཉིང་ཁྲི་ས་ཁུལ་ཀླུ་ནང་གྲོང་རྡལ་གྱི་ལོ63ལ་སླེབས་པའི་བོད་རིགས་ཞིང་པ་ཕུན་ཚོགས་ཀྱིས་རང་ཁྱིམ་གྱིས་བཙུགས་པའི་ཁྱིམ་ཚང་མགྲོན་ཁང་ནང་སྐབས་འགར་སྒོ་རའི་ནང་གི་རྩྭ་དང་མེ་ཏོག་ལ་གཡོག་བྱེད་པ་དང་སྐབས་འགར་སྡོད་ཁང་ནང་གད་ཕྱིས་བྱེད་བཞིན་ཡོད། ཟླ་བ་བཞི་པ་འཆར་བ་དང་བསྟུན་ནས་བོད་དུ་ཡུལ་སྐོར་བྱེད་པའི་དུས་ཚོད་སླེབས་པས་ཕུན་ཚོགས་ཀྱི་ཁྱིམ་ཚང་མགྲོན་ཁང་ཡང་འཁྲུག་ཏུ་འགྲོ་རྒྱུ་ཡིན་པ་རེད།
        རྒད་པོ་ཕུན་ཚོགས་ཀྱི་ཁྱིམ་ཚང་མགྲོན་ཁང་ནི་སྲིད་གཞུང་གི་བདེ་སྡོད་ལས་གྲྭས་སྒོར་ཁྲི4ཁ་གསབ་བྱས་པ་དང་རང་ཉིད་ཀྱིས་སྒོར་ཁྲི15བསགས་ཏེ་བསྐྲུན་པ་ཞིག་ཡིན་པ་དང་ཉལ་ཁང་གི་ཆ་རྐྱེན་སྤྱིར་བཏང་གི་སྐར་རིམ་མགྲོན་ཁང་ལས་ཞན་པ་མེད་ལ་ཉལ་ཁྲི་གཙང་བ་དང་ཁང་པའི་ནང་གི་གློག་ཆས་སྒྲིག་བཀོད་ཁག་ཀྱང་ཆ་ཚང་པོ་ཡོད། ཕུན་ཚོགས་ཀྱིས“ན་ནིང་ཁྱིམ་ཚང་མགྲོན་ཁང་གི་ཡོང་འབབ་སྒོར་ཁྲི8བྱུང”ཞེས་བཤད་བྱུང་།
        བོད་ལྗོངས་ཡུལ་སྐོར་སྤྲོ་འཆམ་ཅུས་ཀྱིས་གཙོ་གཉེར་བྱས་པའི“2010ལོའི་ལོ་འཁོར་གྱི་ངས་དགའ་ཤོས་བྱེད་པའི་བོད་ལྗོངས་ཀྱི་མཛེས་ལྗོངས་ཁུལ(ས་ཚིགས)དང་ཨར་ཁང”དཔྱད་འདེམས་བྱེད་སྒོའི་ཁྲོད་མི་ཐེངས་ཁྲི་བརྒྱ་ཕྲག་གིས་དྲ་སྦྲེལ་དང་འཕྲིན་ཐུང་བརྒྱུད་ནས་འདེམས་ཤོག་འཕེན་པ་བརྒྱུད“ཀྲུང་གོའི་བོད་ལྗོངས་ཀྱི་ཡིད་དབང་འཕྲོག་ཤུགས་ཀྱི་ཨར་ཁང”ཆེ་གྲས་བཅུ་བདམས་པ་དེའི་ནང་ཟླ་བ་སྒྲོལ་མའི་ཡུལ་སྐོར་སྤྲོ་འཆམ་བོད་ཁྱིམ་སྤྲོ་སྐྱིད་ཁང་དང་། བཀྲ་ཤིས་ཆོས་དར་ཁྱིམ་ཚང་མགྲོན་ཁང་། གཞིས་ཀ་རྩེའི་ལྷ་རྩེ་ཞིང་པའི་མགྲོན་ཁང་བཅས་གྲོང་གསེབ་ཀྱི་ཁྱིམ་ཚང་མགྲོན་ཁང་གསུམ་ཚུད་ཡོད་པ་རེད།
        བོད་རང་སྐྱོང་ལྗོངས་ཡུལ་སྐོར་སྤྲོ་འཆམ་ཅུས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། 2010ལོའི་བར་བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་དུད་ཚང12029དང་མི48120ཡུལ་སྐོར་སྤྲོ་འཆམ་ཞབས་ཞུའི་ནང་ཞུགས་ནས་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར2.94བྱུང་བ་དང་ཆ་སྙོམས་དུད་ཚང་རེར་ཡོང་འབབ་སྒོར24474དང་ཆ་སྙོམས་མི་རེར་ཡོང་འབབ་སྒོར6118བྱུང་བ་རེད།
        བོད་རང་སྐྱོང་ལྗོངས་ཡུལ་སྐོར་སྤྲོ་འཆམ་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱིས་གྲོང་གསེབ་ཀྱི་ཡུལ་སྐོར་སྤྲོ་འཆམ་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ཡུལ་སྐོར་སྤྲོ་འཆམ་གྱི་དམངས་ཕྱུག་འདུ་འགོད་སྐུལ་འདེད་ཧུར་ཐག་བཏང་སྟེ2015ལོར་སླེབས་སྐབས་བོད་དུ་ཁྱད་ཆོས་ལྡན་པའི་རྫོང5དང་། ཁྱད་ཆོས་ལྡན་པའི་ཤང20ཁྱད་ཆོས་ལྡན་པའི་གྲོང་ཚོ100བཅས་ཟིན་པ་བྱས་ནས་ཡུལ་སྐོར་སྤྲོ་འཆམ་ལས་རིགས་ནང་ཞུགས་མཁན་གྱི་ཞིང་འབྲོག་མང་ཚོགས་ཁྲི15ཙམ་ཟིན་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།