《གནས་མཆོག་བོད་ལྗོངས་ཏེ་ནམ་མཁའ་དང་བར་ཐག་ཆེས་ཉེ་བའི་ནོར་མཛོད》ཅེས་པ་ནང་ལོགས་སུ་འགྲེམ་སྟོན་བྱས་པ།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།: ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2011-04-13 11:53:00 ཀློག་གྲངས།:
            ཟླ4བའི་ཚེས12ཉིན《གནས་མཆོག་བོད་ལྗོངས་ཏེ་ནམ་མཁའ་དང་བར་ཐག་ཆེས་ཉེ་བའི་ནོར་མཛོད》ཀྱི་སྐོར་བསྐྱོད་འགྲེམ་སྟོན་དེ་ཝུའུ་ཧན་ནས་ཐོག་མར་འགྲེམ་སྟོན་བྱས་པ། 
            རྒྱལ་པོ་སྲོང་བཙན་སྒམ་པོ་དང་། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་། སྒྲོལ་ལྗང་ལ་སོགས་པའི་རིག་དངོས་རྩ་ཆེན་དག་ཝུའུ་ཧན་གྲོང་ཁྱེར་གྱི་མི་རྣམས་ཀྱི་མིག་མདུན་དུ་བཤམས་པ་དང་བསྟུན་ནས་བོད་ལྗོངས་ཀྱི་ཆོས་ལུགས་རིག་གནས་ཀྱི་ངོ་མཚར་བའི་རྣམ་པ་དེ་རིམ་གྱིས་ཕྱིར་མངོན་བྱུང་བ་རེད། 
              《གནས་མཆོག་བོད་ལྗོངས་ཏེ་ནམ་མཁའ་དང་བར་ཐག་ཆེས་ཉེ་བའི་ནོར་མཛོད》ཅེས་པའི་འགྲེམ་སྟོན་དེ་ནི་བཙན་པོའི་རྒྱལ་རབས་དང་།   རྒྱུ་ནོར་རྩ་ཆེན།    རིག་གནས་འབྲེལ་འདྲིས། གངས་ལྗོངས་ཀྱི་གོམས་སྲོལ་བཅས་སུ་དབྱེ་ནས་རིམ་པ་བཞིན་དུ་བཤམས་ཡོད་ཅིང་། རིག་དངོས་སྡོམ་པས127བཤམས་ཡོད་པ་དང་། དེའི་ནང་ནས་རིམ་པ་དང་པོའི་རིག་དངོས36དང་།   བརྒྱ་ཆའི90ཡི་བཤམས་རྫས་བོད་ལྗོངས་ནས་འཁྱེར་ཡོང་བ་རེད། གཞན་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་དང་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་གནས་ཕོ་བྲང་པོ་ཏ་ལ་དང་།ནོར་བུ་གླིང་ག གདན་ས་བཀྲ་ཤིས་ལྷུན་པོ་སོགས་ནས་ཐོན་པའི་རིག་དངོས་རྩ་ཆེན49ཡོད། བཤམས་སྟོན་གྱི་ནང་དུ་ལྡེར་སྐུ་དང་། ཐང་ག་སོགས་འདུས་པས་ལོ་ངོ་ཆིག་སྟོང་ལྷག་རིང་གི་བོད་ཀྱི་རིག་གནས་ཀྱི་ཆགས་སྟངས་དང་དེའི་ཁྱད་ཆོས་སྒོ་ཀུན་ནས་མཚོན་པར་བྱས་ཡོད།  
            བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཧྲི་ཀྲུང་གིས་ངོ་སྤྲོད་བྱས་པ་ལྟར་ན། མི་མང་པོ་ཞིག་གིས་བོད་ལྗོངས་ཞེས་གོ་མྱོང་བ་དང་མཐོང་མྱོང་ཡོད་ན་ཡང་། བོད་ལྗོངས་ལ་དེ་འདྲའི་ཤེས་རྟོགས་ཟབ་མོ་མེད། བོད་ལྗོངས་ཀྱི་ཤེས་རྟོགས་དེ་གངས་རི་དང་། མཐོ་སྒང་། དགོན་སྡེ་ཙམ་ལ་མ་གཏོགས་ངོས་འཛིན་བྱེད་ཐུབ་མེད་པས། 《གནས་མཆོག་བོད་ལྗོངས་ཏེ་ནམ་མཁའ་དང་བར་ཐག་ཆེས་ཉེ་བའི་ནོར་མཛོད》འགྲེམ་སྟོན་དེ་བོད་ཞི་བས་བཅིངས་འགྲོལ་ཐོབ་ནས་ལོ་ངོ60འཁོར་བའི་བྱེད་སྒོ་གལ་ཆེན་ནང་གི་གཅིག་ཡིན་པའི་ཆ་ནས། གཙོ་བོ་མི་སྔར་ལས་མང་པོ་ཞིག་ལ་སྟེགས་བུ་འདི་ལྟ་བུ་ཞིག་འདོན་སྤྲོད་བྱས་ནས་བོད་ལྗོངས་ལ་ཤེས་རྟོགས་ཟབ་མོ་བྱེད་དུ་འཇུག་ཆེད་ཡིན་ཞེས་ཟེར།
            ཤེས་གསལ་ལྟར་ན། 2003ལོ་ནས་བཟུང་། བོད་བརྒྱུད་རིག་དངོས་དེ་སྔ་གཞུག་ཏུ་ཨ་རི་དང་། འཇར་མན། ལྗར་པན། ཞང་ཀང་། ཐེ་ཝན་སོགས་སུ་སྒྲིག་འཛུགས་བྱས་ནས་འགྲེམ་སྟོན་བྱས་མྱོང་། 《གནས་མཆོག་བོད་ལྗོངས་ཏེ་ནམ་མཁའ་དང་བར་ཐག་ཆེས་ཉེ་བའི་ནོར་མཛོད》འགྲེམ་སྟོན་ནི2002ལོ་ནས་བཟུང་། བོད་ཀྱི་རིག་དངོས་དེ་ནང་ལོགས་ནས་ཐོག་མར་འགྲེམ་སྟོན་བྱས། དེའི་ཡར་སྔོན་ལ་ཧྥུའུ་ཀང་དང་། པེ་ཧའེ་ཏའོ། ཏུང་ཅིང་། ཏ་པན། ཞན་ཐའེ། ཀའོ་ཞུང་སོགས་ས་གནས་སུ་འགྲེམ་སྟོན་བྱས་མྱོང་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།