བོད་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཞི་རིམ་འཛུགས་སྐྲུན་ལོའི་བྱེད་སྒོར་ཤུགས་སྣོན་བརྒྱབ་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན་དྲ་བ། དུས་ཚོད།:2011-04-14 10:10:00 ཀློག་གྲངས།:

            ཟླ4ཚེས11ཉིན་གྱི་ཕྱི་དྲོ།  བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་པ་དང་རྒན་ཡོལ་ཞུས་པ།  ལས་འཁྱུར་ངལ་གསོ་ཞུས་པའི་མི་སྣས་གཞིས་རྩེ་ས་ཁུལ་གམ་པ་རྫོང་ཐེབ་པོ་གོང་གྲོང་ཚོར་ཞལ་འདེབས་བརྒྱབ་པ་རེད། 
            གཞིས་རྩེ་ས་ཁུལ་གམ་པ་རྫོང་ཐེབ་པོ་གོང་གྲོང་ཚོར་བཅའ་སྡོད་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞི་རིམ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་ལོའི་ལས་དོན་ཚོགས་ཆུང་གི་ཁོངས་མི་དྲུག་གིས་སྤྱི་ཟླ3པའི་ཚེས15ཉིན་གྲོང་ཚོར་བསྐྱོད་ནས་ལས་དོན་སྤེལ་བ་རེད།  ཐེངས་འདིའི་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་པ་དང་རྒན་ཡོལ་ཞུས་པ།  ལས་འཁྱུར་ངལ་གསོ་བ་བཅས་མི47གྱིས་ཁྱོན་ཞལ་འདེབས་སྒོར7000ལྷག་ཙམ་བརྒྱབ་པ་རེད།
            ཤེས་རྟོགས་བྱས་པར་གཞིགས་ན།  མ་དངུལ་དེ་དག་གཙོ་བོ་གྲོང་ཚོའི་ནང་གི་དཀའ་ངལ་ཡོད་པའི་དུད་ཚང་གསུམ་ནས་བཞི་བར་ལ་ཕྱུགས་ཟོག་གི་དྲོད་སྲུང་ལྷས་ར་བསྐྲུན་རྒྱུ་དང་།  དུས་ཐུང་རྒྱགས་གསོ་བྱེད་རོགས་བྱེད་རྒྱུའི་ཐད་སྤྱོད་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།