མི་ཉག་ས་ཁུལ་གྱི་ཞིང་པ་ཚོས་ཞིང་རྨོས་ཀྱི་ལས་ལ་བྲེལ་བ།

རྩོམ་པ་པོ།:ཀུན་དགའ། ཡོང་ཁུངས།:ཁམས་པའི་གསར་འགྱུར་དྲ་བ། དུས་ཚོད།:2011-04-20 10:03:00 ཀློག་གྲངས།:
            ཉེ་ཆར། སྨྱུག་འཛིན་པས་ཞིང་རྨོས་ཀྱི་དུས་ཚིགས་དང་བསྟུན་ནས་མི་ཉག་སྐྱ་གད་ཀྱི་ཞིང་པ་ཚོར་བཅར་འདྲི་བྱེད་དུ་འགྲོ་བ་ཡིན། སྨྱུག་འཛིན་པས་མི་ཉག་སྐྱ་གད་དུ་སླེབས་མ་ཐག་ཏུ་མིག་ལམ་དུ་མཐོང་བ་ནི་རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱིས་རང་རང་གི་ཞིང་ཁ་དང་ཞིང་ནང་དུ་ཞིང་རྨོས་ཀྱི་ལས་ལ་བྲེལ་བཞིན་འདུག  བུད་མེད་རྣམས་ཀྱིས་རང་རང་གི་ཞིང་ནང་དུ་ས་བོན་འདེབས་པ་དང་ད་དུང་ཞིང་ཁ་དང་རྩྭ་ར་ནང་གི་ལས་ཀ་ཙག་ཙིག་རྣམས་ལས་བཞིན་དུ་ལ་ལས་ངག་ནས་སྙན་ཞིང་འཇེབས་པའི་གླུ་དབྱངས་ལེན་པ་དང་ཡང་ལ་ལས་ཁ་བཤགས་དང་རྩེ་མོའི་ཁྲོད་དུ་དཔྱིད་རྨོས་ཀྱི་ལས་ཀར་བྲེལ་བཞིན་འདུག       སྐྱེས་པ་རྣམས་ཀྱིས་རྒྱ་ཆེ་ཁོད་སྙོམས་པའི་ཞིང་ས་གཤིན་པོ་རུ་འདྲུད་འཐེན་འཁོར་ལོ་སྤྱད་ནས་སྟབས་བདེའི་ངང་ནས་ཞིང་རྨོས་ཀྱི་ལས་ཀ་ལས་བཞིན་མཆིས།
            སྐབས་དེར་གསར་འགོད་པས་ཞིང་རྨོས་ཀྱི་ལས་ལ་བྲེལ་བཞིན་པའི་ཕོ་གསར་པ་སངས་ཀྱི་འགྲམ་དུ་སོང་ནས་ཁ་བརྡ་ལབ་ཞོར་དུ་བཅར་འདྲི་བྱེད་པ་ཡིན། པ་སངས་ཀྱིས་འདྲུད་འཐེན་འཁོར་ལོ་གཏོང་མཚམས་འཇོག་ནས་གསར་འགོད་པར་བཤད་རྒྱུར། ད་ལྟ་ང་ཚོ་ཞིང་པ་རྣམས་ཀྱི་ཞིང་ལས་དང་རྨོས་ལས་སོགས་ཀྱི་ལས་ཀར་ཧ་ཅང་སྟབས་བདེ་ཡིན། སྔ་དང་བསྡུར་ན་གང་ཅིའི་ཐད་ལ་འཕེལ་རྒྱས་ཆེན་པོ་བྱུང་འདུག སྔ་འཕྲུལ་འཁོར་དང་ཞིང་ལས་ཀྱི་འཕྲུལ་ཆས་སོགས་གང་ཡང་མེད་པས་ཞིང་རྨོས་དུས་མཛོ་གཡག་གིས་རྨོས་དགོས་པ་རེད། ང་ཚོའི་ཞིང་རྒྱ་ཆེ་བས་ཉིན་ལྔ་དྲུག་ཙམ་གྱི་དུས་ཚོད་སྤྱད་ནས་རྨོས་ལས་བྱེད་དགོས་པ་ཡིན་ལ་དེ་སང་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ང་ཚོ་ཞིང་པ་ཚང་མས་འདྲུད་འཐེན་འཁོར་ལོ་སྤྱད་ནས་རྨོས་ལས་བྱེད་མཆོག་པས་མཛོ་གཡག་གིས་རྨོས་ལས་བྱེད་མཁན་ནི་ཧ་ལམ་མེད་སོང་བ་ཡིན་པས་མཛོ་གཡག་གི་རྨོས་ལས་ཀྱི་ལས་འགན་ལྕིན་མོ་དེ་བཅིངས་འགྲོལ་བཏང་བ་རེད། སྔ་ཉིན་ལྔ་དྲུག་ཙམ་གྱི་རྨོས་ལས་ཀྱི་ལས་ཀ་དེ་དེ་སང་འདྲུད་འཐེན་འཁོར་ལོ་སྤྱད་ནས་རྨོས་དུས་ཉིན་མ་གཉིས་ཙམ་གྱི་དུས་ཚོད་དུ་ཚར་ཐུབ་པ་རེད།
            ཁོས་མུ་མཐུད་ནས་བཤད་པར།  ཞིང་ལས་ཐད་ཀྱི་ལས་ཀ་སོགས་གང་ཞིག་གི་ལས་ཀ་ཡིན་རུང་ཧ་ཅང་སྟབས་བདེ་པོ་འདུག སྔོན་ཆད་ཞིང་རྨོས་པའི་སྐབས་སུ་རྨོན་དོར་ལ་བརྟེན་ནས་སོ་ནམ་ལས་ཀ་བྱེད་དགོས་པས་དཀའ་ལས་ཆེ་ལ།ལས་ཆོད་མི་མཐོ་བ་དང་དུས་ཚོད་ཀྱང་འགོར་ཆེ་བ་རེད། དེང་སྐབས་འཕྲུལ་ཆས་སྤྱད་ནས་རྨོས་ཆོག་པས་དཀའ་ལང་ཆུང་ལ། ལས་ཆོད་མཐོ་བ་དང་དུས་ཚོད་ཀྱང་རིན་པོ་འགོར་གྱིན་མ་རེད། དེས་མ་ཚད་སྔ་གྲོ་ནས་སྲིན་གསུམ་སོགས་བརྔ་རྡུང་། འཐག་པ། འདྲེན་པ་སོགས་གང་ཞིག་གི་ལས་ཀ་ཡིན་རུང་ཚང་མ་མིའི་ལུས་ཁམས་ལ་བརྟེན་ནས་སྒྲུབ་དགོས་པ་ལས་ཞིང་ལས་ཐད་ཀྱི་འཕྲུལ་ཆས་གང་ཡང་སྤྱོད་རྒྱུ་ཡོད་པ་མ་རེད། དེང་སྐབས་ཞིང་ལས་ཐད་ཀྱི་ལས་ཀ་ཚང་མ་འཕྲུལ་ཆས་སྤྱད་ནས་ལས་མཆོག་པས་ང་ཚོ་ཞིང་པ་རྣམས་ཀྱི་ཞིང་ལས་སོགས་ལས་ཀའི་ཐད་ལ་དཀའ་ཁག་ཆེན་པོ་མེད་པས་ཧ་ཅང་སྐྱིད་པོ་འདུག 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།