ལྷ་སའི་བར་སྐོར་སྲང་ལམ་གྱི་གནའ་རྫས།
མེ་ཟོར།
པེ་ཅིང་ནས་ཡོང་བའི་མགྲོན་པོ་ཞིག་གིས་གནའ་རྫས་འདེམ་པ།
མིང་དུ་གྲགས་པའི་ལྷ་སའི་བར་སྐོར་གླིང་ན་མི་རིགས་ལག་རྩལ་ཐོན་རྫས་དང་བོད་ཀྱི་གྱོན་ཆས། ཕྱོགས་ཡར་མར་ནས་བསྡུ་ཡོང་བའི་གནའ་བོའི་དངོས་རྫས་སོགས་ཁྲ་ལམ་མར་བཀྲམས་འདུག
བཀྲ་ཤིས་སྒྲོལ་དཀར་གྱིས་འབྲོག་ཁུལ་ནས་བསྡུས་ཡོང་བའི་དངོས་རྫས་ལེགས་བསྒྲིགས་བྱེད་པ།
ཀོ་བས་བཟོས་པའི་ཁབ་དང་སྐུད་པའི་ཁུག་མ།
ལོ26ཡར་སྔོན་དུ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ནས་ཡོང་བའི་བཀྲ་ཤིས་སྒྲོལ་དཀར་ནི་བར་སྐོར་གླིང་ན་ཅུང་སྔ་བའི་ཚོང་བཤམས་མཁན་ཞིག་ཡིན་ཞིང་། དེང་སྐབས་མོའི་ཚོང་རར་གནའ་བོའི་དངོས་རྫས་ཀྱིས་ཁེངས་འདུག་པ་རེད།
འབྲོག་ཁུལ་ནས་བསྡུས་ཡོང་བའི་དངོས་རྫས་སྣ་ཚོགས།
མཚོད་མེ། རྟ་ཆས། གྲི་སོགས།
མགྲོན་པོས་དངོས་རྫས་འདེམས་ཉོ་བྱེད་བཞིན་པ།
མོའི་ཚོང་རའི་ནང་མདའ་གཞུ་དང་། མེ་ཟོར། བོད་ཀྱི་ཁབ་དང་སྐུད་པའི་ཁུག་མ། ཀོ་བའི་སྣོད། ཡ་རུ་སོགས་ཀྱི་སྐེ་ལ་བཏགས་པའི་ཆོ་རི་སོགས་འདི་དང་འདི་ལྟ་བུའི་དངོས་རྫས་ཕུན་སུམ་ཚོགས་པ་བཤམས་ཡོད་པ་རེད། སྔོན་ཆད་འདི་ལྟ་བུའི་དངོས་རྫས་དག་འཚོ་བའི་མཁོ་ཆས་ཡིན་ནའང་། དུས་རབས་ཀྱི་འཕེལ་རྒྱས་མྱུར་ཞིང་ཚན་རྩལ་གྱི་དར་ཁ་མགྱོགས་བའི་རྐྱེན་གྱིས་ད་ལྟ་རྒྱན་ཆའམ་གནའ་རྫས་སུ་འགྱུར་བཞིན་འདུག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com