ཁྲི་ཀ་རྫོང་གིས་གཙགས་དྲུབ་དང་ཐང་ཀ་སོགས་ཀྱི་ལག་རྩལ་འགྲེམ་སྟོན་བྱ་འགུལ་སྤེལ་པ།

རྩོམ་པ་པོ།:བསོད་ནམས་ལྷ་མོ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2011-04-27 09:14:00 ཀློག་གྲངས།:

            མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གིས་རང་ས་གནས་ཀྱི་བུད་མེད་ཀྱི་གཙགས་དྲུབ་དང་ཤོག་དྲས། ཐང་ཀ་སོགས་ཀྱི་ལག་རྩལ་ཁྱབ་ཁོངས་རྒྱ་བསྐྱེད་ཆེད། ཉེ་ལམ་ཁྲི་ཀ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩ་འཛུགས་བྱས་ནས་དམངས་ཁྲོད་སྒྱུ་རྩལ་འགྲེམ་སྟོན་བྱེད་པའི་བྱ་འགུལ་སྤེལ།
            རྒྱུས་ལོན་བྱུང་པ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱི་སྐབས་སུ་ཁྲི་ཀ་རྫོང་གི་བུད་མེད་གཙགས་དྲུབ་མཁན་བཞི་ཅུ་ཞེ་གཅིག་གིས་གཙགས་དྲུབ་བརྩམས་ཆོས་སྟོང་བཞི་དང་ལྔ་བརྒྱ་ལྷག་འགྲེམ་སྟོན་བྱས་པ་དང་། གཙགས་དྲུབ་དེ་དག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་མཛེས་ཤིང་སྡུག་པའི་བཟོ་རྩལ་གྱིས་ཁྲི་ཀའི་བུད་མེད་ཀྱི་བློ་གྲོས་དང་ལག་རྩལ། དཀའ་སྤྱད་བབ་ཆགས་དང་། འཚོ་བར་དགའ་བ། འབད་བརྩོན་ཡར་ཐོན་བཅས་ཀྱི་སྙིང་སྟོབས་མཚོན་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།