བདེ་ཆེན་ཁུལ་གྱིས་མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས་པ།
རྒྱལ་ཐང་གི་སྐོར་བྲོ།
ཕྱོགས་ཡོངས་སུ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་ཡོངས་ཐེངས་བཅུ་བའི་མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་དགོས་པའི་ལས་འགན་ལེགས་འགྲུབ་འབྱུང་རྒྱུ་དང་། ཐུན་མོང་མ་ཡིན་པ་དང་རྫོང་ཐུགས་པའི་ཤུལ་བཞག་རིག་གནས་འགྲེམ་སྤེལ་བྱེད་པ། མི་རིགས་རིག་གནས་རྒྱུན་འཛིན་བྱེད་ཆེད། བདེ་ཆེན་ཁུལ་གྱིས་རིག་གནས་སྐྱེ་ཁམས་ཚོད་ལྟ་ཁུལ་གྱི་རྣམ་གྲངས8གཙོ་གནད་བཟོ་འགོད་ཀྱི་གྲས་སུ་བཞག་པ་དང་། སྐྱེ་ཁམས་སྲུང་སྐྱོང་ཁུལ་ཕྱོགས་ཡོངས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱས།
གཅིག་ནི་ཤུལ་བཞག་རིག་གནས་ལ་རྨང་གཞིའི་རང་བཞིན་གྱི་ཞིབ་འཇུག་བྱེད་པ་དང་གཉིས་ནི་མི་རིགས་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ས་ཁུལ་གྱི་ས་གནས་འཛུགས་སྐྲུན་བཟོ་འགོད་ལག་བསྟར་བྱེད་པ། གསུམ་ནི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་ཡིག་ཚགས་འཛུགས་སྐྲུན་བྱེད་པའི་བཟོ་འགོད་ལག་བསྟར་བྱེད་པ། བཞི་ནི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་སློབ་སྦྱོང་བྱེད་སར་འཛུགས་སྐྲུན་བྱེད་པའི་བཟོ་འགོད་ལག་བསྟར་བྱེད་པ། ལྔ་ནི་མི་རིགས་ཆོས་ལུགས་རིག་གནས་དང་ཞིང་སྡེའི་ཁོར་ཡུག་སྲུང་སྐྱོང་བྱེད་པའི་བཟོ་འགོད་ལག་བསྟར་བྱེད་པ། དྲུག་ནི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཆེད་དོན་འགྲེམ་སྟོན་བྱེད་པའི་ཁང་པ་འཛུགས་སྐྲུན་བྱེད་པའི་བཟོ་འགོད་ལག་བསྟར་བྱེད་པ། བདུན་ནི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཞིང་སྡེའི་འགྲེམ་སྟོན་ཁང་འཛུགས་སྐྲུན་བྱེད་པའི་བཟོ་འགོད་ལག་བསྟར་བྱེད་པ། བརྒྱད་ནི་མི་རིགས་ཀྱི་དམངས་ཁྲོད་ཤེས་ལྡན་མི་སྣར་རོགས་སྐྱོར་བྱེད་པའི་བཟོ་འགོད་ལག་བསྟར་བྱེད་པ་བཅས་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com