མཚོ་སྔོན་མཚོ་ལྷོར་བོད་ལྗོངས་བློ་བཟང་གྲངས་ཀའི་ཚན་རྩལ་ཡན་ལག་ཁང་བཙུགས་པ།

རྩོམ་པ་པོ།:བདེ་ལྷ་མོས་བསྒྲིགས། ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་དྲ་བ།   དུས་ཚོད།:2011-05-03 09:18:00 ཀློག་གྲངས།:

  ཟླ4ཚེས29ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལས་ཞུགས་ཅུའུ་སོགས་སྡེ་ཁག་གིས་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་འོག  བོད་ལྗོངས་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་སིས་མ་དངུལ་བཏང་བའི་བོད་ལྗོངས་བློ་བཟང་གྲངས་ཀའི་ཚན་རྩལ་ཡན་ལག་ཁང་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བཙུགས་པ་དང་། དེས་སློབ་གྲྭ་ཆེན་མོ་བར་ལས་དོན་གསར་གཏོད་ཀྱི་སྟེགས་བུ་ཞིག་འདོན་སྤྲོད་བྱས་ཡོད།
  སློབ་གྲྭ་ཆེན་མོ་བར་ལས་དོན་གསར་གཏོད་ཀྱི་སྟེགས་བུ་འདོན་སྤྲོད་བྱེད་པའི་དམིགས་ཡུལ་ནི་བོད་ཁུལ་གྱི་སྤྱི་ཚོགས་སྟེང་ལས་དོན་གསར་གཏོད་ཀྱི་མིག་དཔེ་ཞིག་བསྐྲུན་ཏེ། ལས་ཞུགས་ཁ་ཕྱོགས་བསྒྱུར་བར་རོགས་རམ་དང་། ཚན་རིག་ལག་རྩལ་མཐོ་བའི་གྲངས་ཀའི་ཐོན་རྫས་ནང་འདྲེན་བྱེད་པ། ཕན་འབྲས་མཐོ་ཞིང་རྒྱུ་སྤུས་བཟང་པའི་ཞབས་ཞུ་འདོན་སྤྲོད་བྱས་པ་བརྒྱུད། བོད་ཁུལ་གྱི་དངོས་ཡོད་གནས་ཚུལ་ལ་རྒྱུས་མངའ་ཆེ་ཞིང་ཆ་འཕྲིན་ལག་རྩལ་ཤེས་པ། བོད་རྒྱ་སྐད་རིགས་གཉིས་ལ་བྱང་ཆ་ལྡན་པའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱས་ཏེ་བོད་ཁུལ་དུ་གྲངས་ཀའི་ཐོན་རྫས་དང་ལག་རྩལ་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་དེ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།