པེ་ཅིན་གྲོང་ཁྱེར་གྱིས་ད་ལོར་ལྷ་སར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན་དྲ་བ། དུས་ཚོད།:2011-05-03 10:40:00 ཀློག་གྲངས།:
            པེ་ཅིན་གྲོང་ཁྱེར་གྱིས་སྤྱི་ལོ2011ལོར་ལྷ་སར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། གཙོ་གནད་རོགས་སྐྱོར་རྣམ་གྲངས་བརྒྱད་གཏན་འཁེལ་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར2.3ཙམ་ཟིན་ཡོད་པ་དང་། དེང་སྐབས་རོགས་སྐྱོར་རྣམ་གྲངས་ཚང་མ་སྐྲུན་འགོ་ཚུགས་ཡོད་པ་རེད། འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་གནང་བར་གཞིགས་ན། གཙོ་གནད་རྣམ་གྲངས8ནང་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱ་རྒྱུ་དང་། ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་བྱ་གཞག་ལ་རྒྱབ་སྐྱོར་བྱ་རྒྱུ། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་རྒྱུ། གྲོང་ཁྱེར་གྱི་ཚན་རིག་དང་མཐུན་པའི་དོ་དམ་ཆུ་ཚད་མཐོ་རུ་གཏོང་རྒྱུ་སོགས་ཚུད་ཡོད་པ་དང་། རོགས་སྐྱོར་རྣམ་གྲངས་དེ་དག་ནི་མ་དངུལ་གཏོང་མང་བ་དང་ཁྱབ་ཚད་ཆེ་བ། སྤྱི་ཚོགས་ཀྱི་ཕན་འབྲས་ཆེ་བ་བཅས་རེད། 
           ཤེས་རྟོགས་བྱུང་བར་གཞིགས་ན། པེ་ཅིན་གྲོང་ཁྱེར་གྱིས་ལྷ་སར་རོགས་སྐྱོར་ལས་དོན་སྤེལ་ནས་ལོ15སོང་རིང་བོད་སྐྱོར་སྲིད་འཛིན་ལས་བྱེད་པ་དང་། ཆེད་ལས་ལག་རྩལ་པ350ཙམ་མངག་གཏོང་བྱས་ཡོད་པ་དང་། བོད་སྐྱོར་མ་དངུལ་དང་དངོས་པོ་བསྡོམས་སྒོར་དུང་ཕྱུར10ལྷག་ཙམ་གཏོང་འཇོག་བྱས་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།