བོད་ལྗོངས་དང་བལ་བོའི་ཉོ་ཚོང་མཐུན་སྦྱོར་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2011-05-14 09:51:00 ཀློག་གྲངས།:

  ཟླ5བའི་ཚེས9ཉིན་བལ་བོའི་རྒྱལ་ས་ཀ་ཏ་མན་རྡུ་ནས་ཀྲུང་གོའི་བོད་ལྗོངས་དང་བལ་བོའི་ཉོ་ཚོང་མཐུན་སྦྱོར་ཨུ་ལྷན་གྱི་གྲོས་ཚོགས་འཚོགས། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཡེ་ཡན་ཁྲུན་གྱིས་གྲོས་ཚོགས་ཀྱི་མཛད་སྒོའི་སྟེང་ཤིས་ཚིག་ཕུལ་བ་དང་། ཁོང་གིས་འདི་སྐད། 2009ལོར་ཀྲུང་གོའི་བོད་ལྗོངས་དང་བལ་བོའི་ཉོ་ཚོང་མཐུན་སྦྱོར་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་དང་པོ་འཚོགས་པའི་ཚུན་དུ་ཀྲུང་གོ་ཀྲུང་དབྱང་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གཉིས་ཀྱིས་ཕྱོགས་གཉིས་ཀྱིས་གྲོས་ཚོགས་ཐེངས་དང་པོའི་སྐབས་སུ་མོས་མཐུན་བྱུང་བའི་གཅིག་མཐུན་གྱི་ལྟ་བ་ལག་བསྟར་ནན་ཏན་བྱས་ཡོད་ཅིང་། འགྲམ་གྱི་འགག་སྒོའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཇེ་ལེགས་སུ་བཏང་སྟེ། སྐྱིད་ལུང་འགག་སྒོ་ཤར་གཏོང་ཐུབ་པར་སྐུལ་སྤེལ་བྱས་པ་མ་ཟད། ཀྲུང་བལ་མཐའ་མཚམས་ཀྱི་ཉོ་ཚོང་ཚོང་ར་འཛུགས་སྐྲུན་གྱི་ལས་དེ་ཇེ་མགྱོགས་སུ་བཏང་བས། ཀྲུང་བལ་ཉོ་ཚོང་ལ་འཕེལ་རྒྱས་རབ་དང་རིམ་པ་བྱུང་ཡོད་ཅེས་བརྗོད། ཡེ་ཡན་ཁྲུན་གྱིས་ཕྱིར་བསྒྲགས་པ་ལྟར་ན། ཀྲུང་བལ་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་པ་བྱས་པར་བརྟེན2010ལོར་ཕྱོགས་གཉིས་ཀྱིས་ཕྱིར་གཏོང་ནང་འདྲེན་བྱས་པའི་དངུལ་འབོར་ཨ་རིའི་སྒོར་དུང་ཕྱུར5མངོན་འགྱུར་བྱུང་བ་དང་། དེ་ནི2009ལོ་དང་བསྡུར་ན་ལྡབ་གཅིག་གིས་ཇེ་མང་དུ་སོང་ཡོད་པ་རེད།
  ཤེས་གསལ་ལྟར་ན། ཡེ་ཡན་ཁྲུན་གྱིས་སྣེ་ཁྲིད་པའི་བོད་ལྗོངས་འཐུས་ཚབ་ཚོགས་པ་དང་བལ་བོའི་ཚོང་རྫས་མཁོ་འདོན་པུའུ་སོགས་སྡེ་ཚན་གྱིས་གྲུབ་པའི་བལ་བོའི་ཕྱོགས་ཀྱི་འཐུས་ཚབ་ཚོགས་པ་གཉིས་ཀྱིས་ཉིན་གཉིས་རིང་གི་གྲོས་ཚོགས་སྟེང་བལ་བོའི་ཚོང་རྫས་ལ་སྒོ་ཁྲལ་མི་དགོས་པའི་ཉོ་ཚོང་ཁུལ་ལག་བསྟར་བྱེད་པའི་སྐོར་དང་། ཀྲུང་བལ་མཐའ་མཚམས་ཀྱི་འགྲིམ་འགྲུལ་སྒྲིག་ཆས་ཇེ་ལེགས་སུ་གཏོང་བ། ཀྲུང་གོའི་བོད་ལྗོངས་དང་བལ་བོའི་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས13པ་ལ་སོགས་པའི་སྐོར་གྱི་འབྲེལ་ཡོད་གྲོས་གཞི་ལ་གྲོས་བསྡུར་བྱས་པ་རེད།
  2009ལོའི་ཟླ4བར་ཀྲུང་གོའི་བོད་ལྗོངས་དང་བལ་བོའི་ཉོ་ཚོང་མཐུན་སྦྱོར་ཨུ་ལྷན་གྱིས་ལྷ་སར་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།