ལྷོ་ཁ་ས་ཁུལ་གྱིས་ཡུལ་སྐོར་གྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ།

རྩོམ་པ་པོ།:ཚེ་སྒྲོན་གྱིས་བསྒྲིགས། ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན་དྲ་བ། དུས་ཚོད།:2011-05-14 10:04:00 ཀློག་གྲངས།:
  ད་ལོ་ལྷོ་ཁ་ས་ཁུལ་གྱིས་ཡུལ་སྐོར་གྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ་དང་ཡུལ་སྐོར་གྱི་ཚོང་རྟགས་གཏོད་ནས། ཡུལ་སྐོར་ལས་རིགས་མཆོང་བསྐྱོད་ལྟ་བུའི་གོང་འཕེལ་དང་འཛམ་གླིང་གི་གལ་ཆེའི་ཡུལ་སྐོར་དམིགས་ས་ཞིག་ཏུ་བསྐྲུན་རྒྱུའི་དམིགས་ཚད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང༌། དབུས་རྒྱུད་བརྟན་པོའི་ངང་གོང་མཐོར་གཏོང་བ་དང༌ལྷོ་རྒྱུད་ཚད་ལྡན་གྱིས་གོང་འཕེལ་གཏོང་བ། འདམས་བསེས་ཀྱིས་ནུབ་རྒྱུད་གོང་འཕེལ་གཏོང་བ། ཤར་རྒྱུད་གོང་འཕེལ་ཤུགས་ཆེ་གཏོང་བ་བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་དང་གལ་ཆེའི་ཡུལ་ལྗོངས་ཁུལ་འཛུགས་བསྐྲུན། ཡུལ་སྐོར་གཙོ་དོན་རྣམ་པ་གསར་གཏོད་སོགས་ཕྱོགས་ཁག་ཐད་འབད་བརྩོན་བྱས་ནས་ས་ཆ་དེ་གའི་ཡུལ་སྐོར་ལས་རིགས་གོང་འཕེལ་ཆེན་པོ་གཏོང་རྒྱུ་རེད།
  ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་བསྐྲུན་ནང་ལྷོ་ཁ་ས་ཁུལ་གྱིས་ལོ་གཉིས་ཀྱི་དུས་ཚོད་བེད་སྤྱད་ནས་མ་དངུལ་སྒོར་དུང་ཕྱུར་གཉིས་ཡས་མས་བཏང་སྟེ། ཡར་ཀླུང་རིག་གནས་མཛེས་ལྗོངས་ཁུལ་གསར་སྤེལ་བྱས་ནས་རིག་གནས་སྤྲོ་གསེང་དང་ཡུལ་སྐོར་གནས་གཟིགས། སྐྱེས་ཚལ་མཛེས་ལྗོངས་བཅས་གཅིག་བསྡུས་ཀྱི་ལོ་རྒྱུས་རིག་གནས་དང་དེང་རབས་ཤེས་དཔལ་གཅིག་ཏུ་འབྲེལ་བའི་ཡུལ་སྐོར་མཛེས་ལྗོངས་ཁུལ་རྩེ་གྲ་ཞིག་གཏོད་རྒྱུ་ཡིན་པ་རེད། གཞན་ཡང་ད་དུང་མ་དངུལ་སྒོར་དུང་ཕྱུར་གསུམ་བཏང་ནས་ལེགས་པོ་གྲོག་རོང་གདོད་མའི་སྐྱེས་ཚལ་ཡུལ་སྐོར་མཛེས་ལྗོངས་ཁུལ་བསྐྲུན་ཏེ། ཡུལ་སྐོར་ལས་རིགས་གོང་འཕེལ་གྱི་ཆུ་ཚད་གོང་མཐོར་གཏོང་རྒྱུ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།