བོད་ལྗོངས་ཀྱི་ཡུལ་སྐོར་འོས་སྦྱོར་བྱེད་སྒོ་གཟབ་རྒྱས་ངང་སྤེལ་བཞིན་ཡོད་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན་དྲ་བ། དུས་ཚོད།:2011-05-17 10:37:00 ཀློག་གྲངས།:
            ཉེ་དུས་རྒྱལ་ཡོངས་ཀྱི་གསར་འགྱུར་ཚན་པ100ཙམ་དང་མགྲོན་ཁང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཡུལ་སྐོར་ཅུས་བཅས་ཀྱི་སྐུ་མགྲོན་རྣམས་གདན་ཞུས་ལྟར་ཉིང་ཁྲི་ས་ཁུལ་དུ་ཕེབས་ནས་ཡར་ཀླུང་གཙང་པོའི་བྲོག་རོང་ཆེན་མོའི་མཛེས་ལྗོངས་ཁུལ་དང་གནས་ཡུལ། ཀླུ་ནང་ནགས་ཁུལ། བྲག་གསུམ་མཚོ། ཐལ་ཀྲའོ་གནའ་གྲོང་སོགས་ཀྱི་མཛེས་ལྗོངས་ཁུལ་ལ་ཡུལ་སྐོར་གནང་ནས་བོད་ཀྱི་ལོ་ངོ60 ཡི་འགྱུར་ལྡོག་ཆེན་པོ་དང་ཉིང་ཁྲིའི་རང་བྱུང་མཛེས་ལྗོངས་ལོངས་སྤྱོད་གནང་བ་རེད།
            ཤེས་རྟོགས་བྱས་པར་གཞིགས་ན། ད་རེས་ཀྱི་ཡུལ་སྐོར་འོས་སྦྱོར་བྱེད་སྒོ་དེ་རྒྱལ་ཁབ་ཡུལ་སྐོར་ཅུས་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མཉམ་དུ་གཉེར་བ་དང་། ཉིང་ཁྲི་ས་ཁུལ་དུ་ལོ་ངོ60ཡི་འགྱུར་ལྡོག་ཆེན་པོ་དང་ཡིད་འོངས་བོད་ལྗོངས་ཞེས་པའི་ཡུལ་སྐོར་འོས་སྦྱོར་གྱི་ཚོགས་འདུ་ཚོགས་རྒྱུ་ཕུད། ད་དུང་ལྷ་སར་རྒྱལ་ཁབ་ཕྱི་ནང་གི་མགྲོན་ཁང་དང་གསར་འགྱུར་ཚན་པས་ཡུལ་སྐོར་ཐོན་ཁུངས་ལ་རྟོག་ཞིབ་སྐོར་སྐྱོད་དང་། ཡུལ་སྐོར་རིགས་གཅིག་མཁས་ཅན་དང་མཁས་དབང་གི་གླེང་སྟེགས་སོགས་ཀྱི་བྱེད་སྒོ་སྤེལ་ནས་གང་འདྲ་བྱས་ཏེ་བོད་ལྗོངས་འདི་ཉིད་གཙོ་གནད་ཀྱི་འཛམ་གླིང་ཡུལ་སྐོར་དམིགས་ཡུལ་ཁུལ་ཞིག་ཏུ་འཛུགས་སྐྲུན་བྱེད་རྒྱུའི་ཐད་མཉམ་དུ་ཞིབ་བསྡུར་བྱས་ཐོག འཛམ་གླིང་ཡང་རྩེ་དང་ངོ་མཚར་བོད་ལྗོངས་ཀྱི་ཡིད་འོངས་ཁྱོན་ཡོངས་ནས་མངོན་པ་བྱས་ཏེ་མི་རྣམས་ཀྱིས་བོད་ཀྱི་ཡུལ་སྐོར་ཤེས་རྟོགས་བྱེད་ཚད་མཐོ་རུ་གཏོང་རྒྱུ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་དྲུག་བཅུའི་ནང་གི་འགྱུར་ལྡོག་ཆེ་པོ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་མངོན་པ་བྱེད་རྒྱུ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།