ཀུན་ཟི་ཐོག་མར་འགྱུར་རེ་ཡོད་པའི་བོད་རིགས་ཁེ་ལས་པས་ལས་འཛིན་གནང་བའི་ཚོར་རར་འདོན་པའི་ཀུང་སི།
བོད་རིགས་ཀྱི་བུད་མེད་ཁེ་ལས་པ་བཀྲ་ཤིས་ཚེ་སྐྱིད།
ཉེ་ལམ། མཚོ་སྔོན་ཡུལ་ཤུལ་གྱི་གཙང་གསུམ་ཆུ་མགོའི་སྨན་ལས་ཚད་ཡོད་ཀུང་སི་དང་མིང་གྲགས་ཅན་གྱི་ཀྲུང་གོའི་ཐོན་ལས་མནའ་འབྲེལ་སོགས་ཀྱིས་མཚོ་སྔོན་ཟི་ལིང་ནས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ཡི་གེ་བཞག་ཡོད་ལ། དེའི་དམིགས་ཡུལ་ནི“གཙང་གསུམ་ཆུ་མགོ”ཞེས་པའི་ཀུང་སི་དེ་མཚོ་སྔོན་ཡུལ་ཤུལ་ས་ཁུལ་གྱི་ཚོང་རར་འདོན་པའི(མ་རྐང་ཚོང་རར་འདོན་པའི་ཀུང་སི)ཀུང་སི་དང་པོར་འགྱུར་ཆེད་ཡིན་ཞིང་། གལ་སྲིད་ཚོང་རར་འདོན་ཐུབ་ན། དེ་ནི་ཀྲུང་གོའི་བོད་རིགས་ཁེ་ལས་པས་ལས་འཛིན་གནང་བའི་ཚོར་རར་འདོན་པའི་ཀུང་སི་ཐོག་མར་འགྱུར་རྒྱུ་རེད།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་དང་ཀྲུང་གོའི་ཐོན་ལས་མནའ་འབྲེལ་གྱི་ཀྲུའུ་ཞི་གཞོན་པ་ཝང་ལིང་ཅུན། ཀྲུང་གོའི་ཐོན་ལས་མནའ་འབྲེལ་གྱི་ལག་བསྟར་ཀྲུའུ་ཞི་གཞོན་པ་དང་ཀྲུང་གོའི་རྒྱལ་སྤྱིའི་སྤྱི་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཀྲེང་ཡན་ནུང་། 2011ལོའི་ཀྲུང་གོའི་བུད་མེད་གྲགས་ཅན་བཅུ་དང་མཚོ་སྔོན་གཙང་གསུམ་ཆུ་མགོའི་སྨན་ལས་ཚད་ཡོད་ཀུང་སིའི་ལས་འཛིན་བཀྲ་ཤིས་ཚེ་སྐྱིད། རྒྱལ་ཡོངས་ན་གཞོན་ལྷན་ཚོགས་ཀྱི་ཚོགས་མི་དང་ཀྲུང་གོའི་ཐོན་ལས་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཝང་ཡུང་། མཚོ་སྔོན་ཞིང་ཆེན་བཟོ་ཚོང་ཅུའུ་ཡི་ཅུའུ་ཀྲང་ཁྲེན་ཞིང་ལུང་སོགས་མགོ་ཁྲིད་རྣམས་གྲོས་མཐུན་ཡི་གེ་འཇོག་པའི་མཛད་སྒོར་ཞུགས་ཡོད།
ཝང་ལིང་ཅུན་གྱི་དགོངས་ཚུལ་ལ། གཙང་གསུམ་ཆུ་མགོའི་སྨན་ལས་ནི་མཚོ་སྔོན་གྱི་ཁེ་ལས་སྐད་གྲགས་ཅན་ཡིན་པ་མ་ཟད་ཀྲུང་གོའི་མིང་གྲགས་ཅན་གྱི་དབྱར་རྩྭ་དགུན་འབུའི་ཁེ་ལས་ཨང་དང་པོའང་ཡིན་ཞིང་། ཁོང་གིས་ཁེ་ལས་དེས་ཐོན་རྫས་ཀྱི་སྤུས་ཀ་གཞི་རྩར་བཟུང་ནས་སྔར་བས་ཀྱང་ཉོ་མཁན་གྱི་དགོས་མཁོ་སྐོང་བ་དང་། ཚོང་ལས་འགྲན་ཤུགས་ལ་ཤུགས་སྣོན་བརྒྱབ་སྟེ་སྔར་བས་ཁེ་ལས་སྐད་གྲགས་ཅན་ཞིག་ཏུ་འགྱུར་བའི་རེ་བ་བཅངས་ཡོད། ཐེངས་འདིའི་འཐབ་ཇུས་མཉམ་ལས་ལ་ཝང་ལིང་ཅུན་གྱིས་གདེང་འཇོག་མཐོན་པོ་གནང་བ་མ་ཟད།“གཙང་གསུམ་ཆུ་མགོའི་སྨན་ལས”དང་“མིང་གྲགས་ཅན་གྱི་ཀྲུང་གོ” སོགས་བར་གྱི་འཐབ་ཇུས་མཉམ་ལས་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུས།
བཀྲ་ཤིས་ཚེ་སྐྱིད་ཀྱིས་བཤད་རྒྱུར། གཙང་གསུམ་ཆུ་མགོའི་སྨན་ལས་ཀྱིས་སྔར་བཞིན་དྲང་བདེན་དང་རང་གཞན་གཉིས་ཕན་གྱི་ཞབས་ཞུའི་འདུ་ཤེས་དང་མཉམ་ལས་ཀྱི་རྣམ་འགྱུར་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞིང་ནུས་ཤུགས་ཡོད་དགུས་མཐོ་སྒང་ནས་ཐོན་པའི་“གཙང་གསུམ་ཆུ་མགོ་”ཞེས་པའི་བདེ་ཐང་གི་མཚོན་བྱེད་རྟགས་མ་བཞེངས་རྒྱུ་རེད།
གནས་ཚུལ་ཤེས་གསལ་བྱུང་བ་ལྟར་ན། མཚོ་སྔོན་ཡུལ་ཤུལ་གྱི་གཙང་གསུམ་ཆུ་མགོའི་སྨན་ལས་ཚད་ཡོད་ཀུང་སི་ནི1998ལོར་བཙུགས་ཤིང་མིག་སྔར་རྒྱལ་ཡོངས་སུ་ཡན་ལག་ཀུང་སི་ཉི་ཤུ་ལྷག་ཡོད། ཀུང་སིས་གཙང་གསུམ་ཆུ་མགོའི་ཕུན་སུམ་ཚོགས་པའི་སྨན་རྫས་ཀྱི་ཐོན་ཁུངས་དང་བོད་ཀྱི་གསོ་བ་རིག་པ་དང་རྒྱ་སྨན་གྱི་སྲོལ་རྒྱུན་བཟོ་རྩལ་ལ་བརྟེན་ནས་རང་བྱུང་གི་དབྱར་རྩྭ་དགུན་འབུ་སོགས་སྨན་རྫས་རྩ་ཆེན་རྣམས་ཐོན་སྐྱེད་དང་ཚོང་གཉེར་བྱེད་བཞིན་ཡོད་པ་དང་། ལོ་ངོ་དུ་མའི་རིང་རང་བྱུང་ཐོན་ཁུངས་ཀྱི་དགེ་མཚན་དང་རང་ཉིད་ཀྱི་འབད་པ་ལ་བརྟེན་ནས་དམིགས་བསལ་བྱ་དགའ་རིགས་མང་པོ་ཐོབ་པ་རེད། གཙང་གསུམ་ཆུ་མགོའི་སྨན་ལས་ཚད་ཡོད་ཀུང་སི་ལ་ལོ་བསྟུད་མར་“ཐོན་རྫས་ལ་ཡིད་རྟོན་བྱས་ཆོག་པའི་ལས་ཁུངས”དང“མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་སྟོབས་ལྡན་བརྒྱ།” “མཚོ་སྔོན་ཞིང་ཆེན་གྱི་ཚོང་རྟགས་གྲགས་ཅན”སོགས་ཀྱི་དམིགས་བསལ་བྱ་དགའ་རིགས་མང་པོ་ཐོབ། 2006ལོའི་ཟླ6པར། “གཙང་གསུམ་ཆུ་མགོ”རྟགས་ཅན་གྱི་དབྱར་རྩྭ་དགུན་འབུ་ཀྲུང་གོའི་བཟོ་ཚོང་སྤྱི་ཁྱབ་ཅུའུ་ཡིས“ཀྲུང་གོའི་ཚོང་རྟགས་གྲགས་ཅན”གྱི་གྲས་སུ་བཞག་པ་དང་། ཐོན་རྫས་ཀྱིས་མཚན་སྙན་བླངས་པ་མ་ཟད་ལུས་ཁམས་བདེ་སྲུང་ཐོན་རྫས་ལ་ཆ་རྐྱེན་ཧ་ཅང་མཐོ་བའི་རྒྱལ་སྤྱིའི་ཚོང་རར་ཡང་ཞུགས་པ་རེད།
བོད་རིགས་ཀྱི་བུད་མེད་ཁེ་ལས་པ་བཀྲ་ཤིས་ཚེ་སྐྱིད་ལ་རྒྱལ་ཡོངས་ཀྱི“གསུམ་བརྒྱད་སྔོན་ཐོན་མི་སྣ”དང་མཚོ་སྔོན་ཞིང་ཆེན་གྱི“གསུམ་བརྒྱད་སྔོན་ཐོན་མི་སྣ།” རྒྱལ་ཡོངས་ཀྱི་སྐབས་བདུན་པའི“ཕུལ་ཏུ་བྱུང་བའི་བཟོ་ཚོང་གི་ལས་སྒོ་གསར་འབྱེད་ཁེ་ལས་པ།” “རྒྱལ་ཡོངས་ཀྱི་ཕུལ་དུ་བྱུང་བའི་བུད་མེད་ལས་སྒོ་གསར་འབྱེད་པའི་‘མངོན་གསལ་གྲུབ་འབྲས་བྱ་དགའ།” “ མཚོ་སྔོན་ཞིང་ཆེན་གྱི་ཚོང་ལས་ཞབས་ཞུ་བ་གྲགས་ཅན།” 2009ལོའི“བུད་མེད་དཔལ་འབྱོར་མི་སྣའི་བྱ་དགའ།” 2011ལོའི“ཀྲུང་གོའི་མིང་གྲགས་ཅན་གྱི་བུད་མེད་བཅུ”སོགས་ཀྱི་བྱ་དགའ་ཐོབ་མྱོང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com