མཚོ་སྔོན་མཚོ་བོད་རྒྱལ་སྤྱིའི་གནས་སྐོར་ཁང་མཚོ་ལྷོ་ཡན་ལག་ཁང་དངོས་སུ་བཙུགས་པ།
ཁུལ་དཔོན་ཀྲང་ཝུན་ཁོའེ་དང་ཁུལ་དཔོན་གཞོན་པ་ཉིན་ཁི་ཕེན་རྣམ་གཉིས་གནས་སྐོར་ཁང་གི་
ལས་འགོ་ཚུགས་པའི་མཛད་སྒོ་སྟེང་ཞུགས་པ།
ཟླ6པའི་ཚེས18ཉིན། མཚོ་སྔོན་མཚོ་བོད་རྒྱལ་སྤྱིའི་གནས་སྐོར་ཁང་མཚོ་ལྷོ་ཡན་ལག་ཁང་གི་སྒོ་བྱང་འབྱེད་པའི་མཛད་སྒོ་དེ་མཚོ་སྔོན་པོ་ཐང་ཆེན་དུ་གཟབ་རྒྱས་ངང་སྤེལ་ཞིང་། ཁུལ་དཔོན་ཀྲང་ཝུན་ཁོའེ་དང་ཁུལ་དཔོན་གཞོན་པ་ཉིན་ཁི་ཕེན་རྣམ་གཉིས་གནས་སྐོར་ཁང་ལ་ཕེབས་ནས་སྒོ་བྱང་ཕྱེ་བ་རེད།
མཚོ་ལྷོ་ཁུལ་གནས་སྐོར་ཅུའུ་ཡི་འགོ་གཙོ་ཚེ་རིང་རྡོ་རྗེས་ཤིས་ཚིག་འབུལ་བཞིན་པ།
ཀྲང་ཝུན་ཁོའེ་སོགས་འགོ་ཁྲིད་རྣམ་པས་གནས་སྐོར་ཁང་དུ་གཟིགས་སྐོར་གནང་བཞིན་པ།
མཚོ་སྔོན་མཚོ་བོད་རྒྱལ་སྤྱིའི་གནས་སྐོར་ཁང་ནི་མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའུ་ཡིས་ཆོག་མཆན་ཐོབ་ཅིང་རང་ཚུགས་ཀྱི་ཁྲིམས་མིའི་ཐོབ་ཐང་ལྡན་པའི་རྒྱལ་སྤྱིའི་གནས་སྐོར་ཁང་ཞིག་ཡིན་ཞིང་། རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བྱེད་སྒོ་སྣ་ཚོགས་སྤེལ་ཆོག་པར་མ་ཟད། མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་གཞི་རྒྱ་དང་སྟོབས་ཤུགས་ཆེས་ཆེ་བའི་རྒྱལ་སྤྱིའི་གནས་སྐོར་ཁང་ཞིག་ཀྱང་ཡིན།
མཚོ་སྔོན་མཚོ་བོད་རྒྱལ་སྤྱིའི་གནས་སྐོར་ཁང་མཚོ་ལྷོ་ཡན་ལག་ཁང་འཛུགས་པའི་དམིགས་ཡུལ་ནི། མཚོ་བོད་རྒྱལ་སྤྱིའི་གནས་སྐོར་ཁང་གི་རྒྱལ་ཁབ་ཕྱི་ནང་གི་ཚོགས་སྒྲིག་སྟོབས་དང་ཚོང་རའི་ཁྱད་ནུས་འདོན་སྤེལ་གང་ལེགས་བྱས་ཐོག གནས་སྐོར་ཚོང་རའི་ཐབས་ལམ་བརྒྱུད་ནས་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་རྣམས་མཚོ་ལྷོའི་དུས་ཡུན་རིང་བའི་ལོ་རྒྱུས་རིག་གནས་དང་ཁྱད་དུ་མཚར་བའི་རང་བྱུང་ཡུལ་ལྗོངས་ལ་རྒྱུས་ལོན་བྱེད་དུ་འཇུག་པ་དང་། མཚོ་ལྷོའི་གྲགས་ཚད་མཐོར་འདེགས་དང་མཚོ་ལྷོའི་གནས་སྐོར་ལས་རིགས་སྔར་ལས་ལེགས་ཤིང་མགྱོགས་པར་གོང་དུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་བཅས་ཡིན། མཚོ་བོད་རྒྱལ་སྤྱིའི་གནས་སྐོར་ཁང་མཚོ་ལྷོ་ཡན་ལག་ཁང་དངོས་སུ་བཙུགས་པ་འདིས་མཚོ་ལྷོ་ཁུལ་གྱི་གནས་སྐོར་ལས་རིགས་བང་རིམ་སྔར་ལས་མཐོ་ས་ཞིག་ལ་གཞི་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་བ་དང་། མཚོ་ལྷོ་ཁུལ་གྱི་གནས་སྐོར་ཚོང་རར་གསོན་ཤུགས་གསར་བ་བསྩལ་ཏེ་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་ཀྱི་ཕྱོགས་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་དང་ནུས་པ་གདོན་ཐུབ་པར་འགྱུར་ཞིང་། འདི་ལས་ང་ཚོས་མཚོ་ལྷོའི་གནས་སྐོར་ལས་དོན་གཞི་ནས་སྐས་རིམ་གསར་བ་ཞིག་ཏུ་སླེབས་འདུག་པ་རྟོགས་ཐུབ་ཅིང་། མཚོ་ལྷོ་ཁུལ་གྱིས་ཕྱི་ཕྱོགས་སུ་རང་གི་གནས་སྐོར་མིང་གྲགས་དྲིལ་བསྒྲགས་བྱེད་པ་དང་། དཔལ་འབྱོར་མཉམ་ལས། རིག་གནས་བརྗེ་རེས། ཆ་འཕྲིན་འབྲེལ་སྦྱོར། ཕྱིར་བསྐྱོད་ལ་སྟབས་བདེ་བསྐྲུན་པ། རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་ཚོང་ར་རྒྱ་བསྐྱེད་གཏོང་བ་སོགས་ཀྱི་ཐད་ལ་གསེར་ཟམ་ཞིག་བཙུགས་པ་དང་གཉིས་སུ་མེད་དོ། །
ལྷ་འབྲུག་རྒྱལ་གྱིས་སྒྲིག་བསྒྱུར་བྱས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com