ཀན་ལྷོའི་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ཟས་ཞིམ་རིག་གནས་དུས་ཆེན་འཚོགས་འགོ་བརྩམས་པ།

རྩོམ་པ་པོ།:དཔལ་མགོན་སྐྱབས། ཡོང་ཁུངས།:ཉིན་རེའི་ཀན་སུའུ་དྲ་བ།  དུས་ཚོད།:2011-06-27 09:23:00 ཀློག་གྲངས།:


འགྲན་ཞུགས་པས་ཡིད་གཟབ་མོས་ཟས་ཞིམ་བཟོ་བཞིན་པ།

            ཟླ6པའི་ཚེས23ཉིན། ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་གྱི་སེམས་ཀྱི་ཉི་ཟླའི་རིག་གནས་ཐང་ཆེན་དུ། དུས་ཡུན་ཉིན6རིང་གི་ཀན་ལྷོ་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ཟས་ཞིམ་རིག་གནས་དུས་ཆེན་སྐབས་དང་པོ་གཟབ་རྒྱས་ངང་འཚོགས་འགོ་བརྩམས། དུས་ཆེན་གྱི་རིང་དུ། གྲགས་ཆེའི་གསོལ་སྟོན་འགྲན་བསྡུར་དང་། གྲགས་ཆེའི་ཚལ་ཟས་ཕལ་ཟས་འགྲན་བསྡུར་སོགས་བོད་ཀྱི་ཁྱད་ཆོས་འབུར་ཐོན་གྱི་བྱ་འགུལ་མང་པོ་སྤེལ་རྒྱུ་ཡིན་པ་རེད།
            ཟླ6པའི་ཚེས23ཉིན་གྱི་ཕྱི་དྲོར། ཀན་ལྷོ་སེམས་ཀྱི་ཉི་ཟླའི་ཟས་ཞིམ་རིག་གནས་དུས་ཆེན་གྱི་གྲགས་ཆེའི་གསོལ་སྟོན་འགྲན་བསྡུར་འགོ་བརྩམས་སོང་། གཙོས་གྲོང་ཁྱེར་དང་། བསང་ཆུ་རྫོང་། ལིན་ཐན་རྫོང་། ཅོ་ནེ་རྫོང་བཅས་འགྲན་ཞུགས་རུ་ཁག་དང་པོ་ཡིན་པ་དང་། ཚེས24ཉིན་གྱི་སྔ་དྲོར། འབྲུག་ཆུ་རྫོང་དང་། ཐེ་བོ་རྫོང་། ཀླུ་ཆུ་རྫོང་བཅས་འགྲན་བསྡུར་དུ་ཞུགས་པ་རེད། ཐེངས་འདིར་ཁྱོན་ཡོངས་ནས་འགྲན་བསྡུར་དུ་ཞུགས་པའི་ཚལ་ཟས་ཀྱི་རིགས་ལ་ཚ་བོ་བཅུ་དང་གྲང་བོ་བཅུ། རྒྱུན་མཁོའི་ཚལ་ཟས་ཀྱི་རིགས་སོགས་འདུ་བས། མཐོང་དཀོན་པའི་ཀན་སུའུ་ཁུལ་གྱི་བོད་ཟས་གསོལ་སྟོན་ཆེན་མོ་ཞིག་རེད་ཅེས་བརྗོད་ཆོག་ཆོག་རེད།
            རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་“གྲགས་ཆེའི་གསོལ་སྟོན་འགྲན་བསྡུར¡± དུ་གསེར་གྱི་རྟགས་མ་ཐོབ་མཁན་ལ། རྟགས་མ་དང་གཟི་བརྗིད་ལག་འཁྱེར། སྒོར10000ཡི་བྱ་དགའ་བཅས་གནང་བའི་དུས་མཚུངས་སུ། ཀན་སུའུ་ཞིང་ཆེན་གཡོས་སྦྱོར་མཐུན་ཚོགས་ཀྱིས་“ཀན་སུའུ་ཁུལ་གྱི་ཁྱད་ཆོས་ལྡན་པའི་གྲགས་ཆེའི་གསོལ་སྟོན”ཞེས་པའི་མཚན་སྙན་གསོལ་རྒྱུ་ཡིན་པ་དང་། དེ་ལ་བརྟེན་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཟས་རིགས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱ་རྒྱུ་ཡིན་པ་རེད། 
            རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིར་ཀན་ལྷོ་སེམས་ཀྱི་ཉི་ཟླའི་ཟས་ཞིམ་རིག་གནས་དུས་ཆེན་སྐབས་དང་པོ་སྤེལ་བའི་རྒྱུ་མཚན་ནི། ཀན་ལྷོ་ཁུལ་གྱིས་ཟས་རིགས་ཞིམ་པོའི་སྟེགས་བུ་བསྐྲུན་པར་བརྟེན་ནས། ཁྱད་ཆོས་ལྡན་པའི་ཚོང་རྫས་འགྲེམ་སྟོན་བྱེད་པ་དང་། མི་རིགས་རིག་གནས་ཁྱབ་བསྒྲགས་བྱས་ཏེ། ཡུལ་སྐོར་གྱི་རྣམ་པ་ཞིག་བཟོ་སྐྲུན་བྱ་རྒྱུ་དམིགས་ཡུལ་ཡིན་ལ། གཙོ་བོ་“ཚོན་མདངས་སྣ་དགུ་བཀྲ་བའི་ཀན་ལྷོ་སེམས་ཀྱི་ཉི་ཟླ”ཡི་ཡུལ་སྐོར་ཤུགས་རྐྱེན་དང་མཚན་སྙན་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བའི་ཆེད་རེད། ཐེངས་འདིའི་ཟས་ཞིམ་རིག་གནས་དུས་ཆེན་ཚེས28ཉིན་མཇུག་སྒྲིལ་རྒྱུ་ཡིན་པ་དང་། བསྡོམས་པས་ཉིན6གི་རིང་ལ་རྒྱུན་སྐྱོང་རྒྱུ་རེད།
            ཟས་ཞིམ་རིག་གནས་དུས་ཆེན་གྱི་རིང་དུ་འགོ་ཚུགས་མཛད་སྒོ་དང་། གྲགས་ཆེའི་གསོལ་སྟོན་འགྲན་བསྡུར། གྲགས་ཆེའི་ཚལ་ཟས་ཕལ་ཟས་འགྲན་བསྡུར། ཡུལ་སྐོར་སྣེ་ཁྲིད་འགྲན་བསྡུར། ཀན་ལྷོ་ཡི་གླུ་གཞས་འགྲན་བསྡུར། ཡུལ་སྐོར་ཚོང་རྫས་འགྲེམ་སྟོན་འགྲན་བསྡུར། ནུབ་ཕྱོགས་ཟས་རིགས་འགྲེམ་སྟོན། ཚོན་མདངས་སྣ་དགུ་བཀྲ་བའི་ཀན་ལྷོ་སེམས་ཀྱི་ཉི་ཟླའི་པར་ལེན་ཕུལ་བྱུང་བརྩམས་ཆོས་འགྲན་བསྡུར། མཇུག་སྒྲིལ་བའི་མཛད་སྒོ་སོགས་བྱ་འགུལ་མང་པོ་ཡོད་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།