ལྷ་ས་རང་ཡུལ་ནས་གསར་ཏུ་བཏོད་པའི་རོལ་མོའི་ཆང་ཁང་།
ས་ཕྱོགས་སོ་སོ་ནས་ཡོང་བའི་ཡུལ་སྐོར་བས་མཉམ་པར་བསྒྲོན་བཞིན་པ།
ས་ཕྱོགས་སོ་སོ་ནས་ཡོང་བའི་ཡུལ་སྐོར་བ་མཉམ་འཛོམས་བྱས་པ།
ཉིན་རེ་བཞིན་དེང་རབས་ཅན་དུ་འགྱུར་བཞིན་པའི་གྲོང་ཁྱེར་ཞིག་ཡིན་པའི་ཆ་ནས། ལྷ་སའི་མཚན་མོར་ནམ་ཡང་སྤྲོ་བསང་དང་རོལ་རྩེད་ཆད་མ་མྱོང་།
མཚན་མོར་སླེབས་དུས། ལྷ་སའི་བར་སྐོར་གླིང་དུ་ཉིན་མོའི་འ་འུར་མེད་ཅིང་ལྷང་འཇགས་སུ་གྱུར་པ།
ལྷ་སའི་གཙུག་ལག་ཁང་གི་ཤར་ཕྱོགས་སུ་ཡོད་པའི་པེ་ཅིང་གཞུང་ལམ་ཤར་མའི་སྟེང་གི་མིང་ལ་“ཆང་ཁང་དྲན་པ་” ཞེས་པའི་རང་གིས་གསར་ཏུ་བཏོད་པའི་རོལ་མོའི་ཆང་ཁང་ཞིག་གི་ནང་དུ། ཡུལ་ཕྱོགས་སོ་སོ་ནས་འོང་པའི་ཡུལ་སྐོར་བ་རྣམས་ལྷན་དུ་འཛོམས་ཏེ། ཁྱད་ཆོས་དང་ལྡན་པའི་ཆང་ཁང་འདིའི་ནང་གི་འུར་ཟིང་དང་རང་དབང་། བདེ་ཚོར་སོགས་ཉམས་སུ་མྱོང་བཞིན་འདུག
གྲོང་ཁྱེར་མི་མཐུན་པ་གཉིས་ནས་ཐོན་པའི་ཡུལ་སྐོར་བ་གཉིས་ཀྱིས་འཁྲབ་སྟོན་བྱེད་བཞིན་པ།
ཆང་ཁང་གི་ཟུར་ཞིག
“ཆང་ཁང་དྲན་པ་”ཡི་རྒྱན་སྤྲས་ཕར་བལྟས་ཚོད་ཀྱིས་སྟབས་བདེ་ཡིན་ཡང་། ཡུལ་སྐོར་བ་ཚོའི་རེ་འདོད་དང་མཐུན་པོ་ཡོད་ལ། ཆང་ཁང་གི་གྲུ་ཟུར་ཞིག་ཏུ་གཞི་སྒྲོམ་ཅན་གྱི་རྔ་ཞིག་དང་གནའ་བོའི་ཁྱད་ཆོས་ལྡན་པའི་པི་ཝང་གཅིག ཨ་ཧྥེ་རི་ཁའི་རྔ་གཅིག་དང་སྒྲ་དུང་གཅིག་བཅས་བཞག་འདུག་ཅིང་། རོལ་ཆས་འདི་དག་ཆེད་དུ་དཀྲོལ་མཁན་མེད་ལ་ཆེད་ལས་གླུ་བའང་མེད་པ་དང་། ཆང་ཁང་དུ་ཡོད་པའི་མི་རྣམས་ཀྱིས་གང་དགར་དཀྲོལ་ཆོག ཁོང་ཚོས་ལན་རེར་རོལ་ཆས་དཀྲོལ་བ་དང་ལན་རེར་རང་གིས་རྡུང་ཞིང་ལེན་པར་བྱེད་ཅིང་། གལ་སྲིད་རོལ་མོའི་ཚོགས་པ་ཞིག་གྲུབ་ཚེ་ཆང་ཁང་ནང་གི་མི་རྣམས་ཀྱིས་ཚད་མཐོན་པོས་ཀི་རིང་དང་ཨག་སྐད་འདེབས་པར་བྱེད་ལ། ཕན་ཚུན་ལ་ཆང་འདྲེན་ཞིང་རོལ་མོའི་ཁྲོད་དུ་སྤྲོ་སྐྱིད་ཀྱི་དཔལ་ལ་རོལ་བར་བྱེད་དོ། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com