ཀན་ལྷོ་བོད་རིགས་ས་ཁུལ་གྱི་འབྲོག་པའི་བདེ་སྐྱིད་ལྡན་པའི་འཚོ་བ།
ཟླ་བ7པ་ནི་ཀན་ལྷོའི་ལོ་གཅིག་དུས་གཅིག་གི་ཡུལ་ལྗོངས་མཛེས་ཤོས་ཀྱི་ནམ་དུས་ཤིག་ཡིན། ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བསང་ཆུ་རྫོང་ཁོ་ཚེ་ཤང་རྒན་གསོ་ཁང་དུ་སྐྱོད་སྐབས2008ལོར་བསྐྲུན་ཞིང་། ན་ནིང་རྒྱས་སྐྲུན་བྱས་པའི་རྒན་གསོ་ཁང་དེ་བོད་བཟོའི་ཁྱད་ཆོས་མངོན་གསལ་དོད་པ་དང་ཁང་པ་ཚང་མར་པང་གཅལ་བཏིང་འདུག
བོད་རིགས་འབྲོག་པ་གཞིས་ཆགས་བྱེད་པའི་གོམས་སྲོལ་མེད་པས་རྒྱལ་ཁབ་ཀྱིས་འབྲོག་པ་གཞིས་ཆགས་ཀྱི་ལས་གྲྭ་ལག་བསྟར་མ་བྱས་གོང་མགོན་པོ་བཟའ་ཚོ་གཉིས་ལོ་ལྟར་དགུན་དུས་དང་དབྱར་དུས་ཀྱི་རྩྭ་རར་ཕར་འགྲོ་ཚུར་འོང་བྱེད་དགོས་ཀྱི་ཡོད།ཡིན་ནའང་ལོ་ན་ཇེ་ཆེར་ཕྱིན་པ་དང་བསྟུན་ནས་ཕྱུགས་འཚོ་མི་ཐུབ་པའི་ཁར་བུ་ཕྲུག་མེད་པས་མགོན་པོ་བཟའ་ཚོ་གཉིས་མི་ངོ་བསྲུངས་ཏེ་རང་ཁ་མི་གསོ་ཐབས་མེད་དུ་གྱུར།
2008ལོར་ཀན་སུའུ་ཞིང་ཆེན་གྱིས་འབྲོག་པ་གཞིས་ཆགས་ཀྱི་ལས་གྲྭ་ལག་བསྟར་བྱས་ཤིང་། ཁོ་ཚེ་ཤང་དེའང་འབྲོག་པ་གཞིས་ཆགས་སའི་གྲས་སུ་བཅུག་པ་མ་ཟད།ལོ་དེར་འབྲོག་པ་རྣམས་རྒན་གསོ་དང་སློབ་གྲྭར་བསྐྱོད་བདེའི་ཆེད་དུ་ཁོ་ཚེ་ཤང་དུ་རྒན་གསོ་ཁང་དང་བུ་བཅོལ་ཁང་བརྒྱབ་ཅིང་། ཁོ་ཚེ་ཤང་རྒན་གསོ་ཁང་ནི་ཀན་ལྷོའི་འབྲོག་རྐྱང་ས་རྒྱུད་ཀྱི་རྒན་གསོ་ཁང་དང་པོ་དེ་ཡིན་ཞིང་།མགོན་པོ་བཟའ་ཚོ་གཉིས་དེ་གར་སྤོས་རྗེས་སྡོད་གནས་གཏན་འཁེལ་མེད་པའི་འཚོ་བ་མཇུག་འགྲིལ་བ་རེད།“ང་ཚོ་འཚོ་བ་དེ་འདྲ་སྐྱེལ་རྒྱུ་ཡོང་བའི་བསམ་བློ་ནམ་ཡང་འཁོར་མྱོང་མེད”ཅེས་མགོན་པོས་ངོ་གདོང་མཛུམ་གྱིས་ཁེངས་བཞིན་དེ་ལྟར་བརྗོད།
མིག་སྔར་ཁོ་ཚེ་ཤང་རྒན་གསོ་ཁང་དུ་དཔལ་འབྱོར་གྱི་ཡོངས་ཁུངས་མེད་པ་དང་གསོ་མཁན་མེད་པའི་འགན་ལེན་ལྔའི་དུད་ཚང་གི་བོད་རིགས་བགྲེས་སོང14ཡོད་ཅིང་།བགྲེས་སོང་ཚོའི་ཆོས་ལུགས་དད་མོས་ལ་བསམ་ཤེས་བྱས་ཏེ་རྒན་གསོ་ཁང་ནང་དུ་ད་དུང་མ་ཎི་འཁོར་ལོ་བསྒར་ཡོད་པ་རེད།འདི་ལོའི་ཟླ་ལྔ་པར་རྒན་གསོ་ཁང་དུ“ཁྱིམ་མེད་བགྲེས་སོང་གི་གཅེས་སེམས་ཞབས་ཞུའི་ས་ཚིགས”བཙུགས་པར་འཚོ་བར་ལྟ་རྟོག་དང་།སེམས་གསོ་གཏོང་བ།འཕྲལ་སྡོམ་རོགས་སྐྱོབ་སོགས་ཀྱི་ཞབས་ཞུ་ཁག་ཡོད་ཚད་འཛོམས་ཡོད་པ་རེད།
“ང་ཚོ་འདི་གར་འཚོ་བ་སྐྱིད་པོ་འདུགབཟའ་ཁང་ནང་གི་ཁ་ལག་བྲོ་བ་ཞིམ་པ་མ་ཟད།འཇུ་བདེ་པོ་འདུགདགུན་ཁ་སྲིད་གཞུང་གིས་ད་དུང་རྡོ་སོལ་དང་གྲོ་ཞིབ་སྤྲོད་ཀྱི་ཡོད།འཚོ་བར་སེམས་ཁྲལ་གང་ཡང་མི་འདུག”ཅེས་བོད་རིགས་ཨ་མ་རྒན་མོ་ཞིག་གིས་བདེ་པོ་མེད་པའི་རྒྱ་སྐད་ཀྱི་ཐོག་ནས་དེ་ལྟར་བརྗོད།
རྒན་གསོ་ཁང་གི་འགྲམ་དུ་ཕྲུ་གུ150ལྷག་ཙམ་ཁོ་ཚེ་ཤང་བུ་བཅོལ་ཁང་དུ་སློབ་གྲྭར་མ་བསྐྱོད་གོང་གི་སློབ་གསོ་དང་ལེན་བྱེད་བཞིན་ཡོད་ཅིང་།བུ་བཅོལ་ཁང་གི་ས་ཆའི་རྒྱ་ཁྱོན་མུའུ་བཞི་ཡོད་པར་གཞུང་ལས་ཁང་དང་།སློབ་ཁང་།ཉལ་ཁང་བཅས་ཁང་པ19ཡོད་པ་རེད། ཁོ་ཚེ་ཤང་གི་འབྲོག་པ་གཞིས་ཆགས་ས་ནས་ཡོང་བའི་བྱིས་པ་ཚོས་དེ་གར་བོད་སྐད་ཡིག་ཚུད་པའི་སློབ་ཚན་བརྒྱད་སྦྱོང་གི་ཡོད་པ་དང་།བུ་བཅོལ་ཁང་དུ་གཤེར་ཤེལ་བརྙན་འཕྲིན་དང་ཉི་འོད་ནུས་པའི་དྲོད་ཁུག་སོགས་དེང་རབས་ཅན་གྱི་སྒྲིག་བཀོད་བསྒར་ཡོད་པ་དང་ཉིན་རེར་སློབ་ཡོན་སྒོར་གཅིག་ལས་སྤྲོད་དགོས་ཀྱི་མེད།བུ་བཅོལ་ཁང་གི་དོ་དམ་མི་སྣས“བུ་བཅོལ་ཁང་གི་ཁོར་ཡུག་ཧ་ཅང་ལེགས་པས་ཕྲུ་གུ་ཚོ་གུང་གསེང་གི་སྐབས་སུའང་འདི་གར་ཡོང་འདོད་བྱེད་ཀྱི་འདུག”ཅེས་བཤད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com