དབྱི་ཏུང་ཀུང་སིའི་བོད་ཡིག་བྱེད་སྒོའི་ཚོང་གཉེར་ལས་སྟེགས་ལོ་འདིའི་ནང་བཀོལ་སྤྱོད་བྱ་རྒྱུ་ཡིན་པ།
ཀྲུང་གོའི་བོད་ལྗོངས་ཀྱི་དབྱི་ཏུང་ཀུང་སི་ལས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། དབྱི་ཏུང་ཀུང་སིས་རྒྱ་ཆེའི་བོད་རིགས་རྣམས་ཀྱི་བོད་ཡིག་གི་འབྲེལ་ཡོད་ཆ་འཕྲིན་ཀློག་པ་དང་། ཕན་ཚུན་བར་བོད་ཡིག་གི་བརྡ་འཕྲིན་སྐུར་ཐུབ་པ་སོགས་ཀྱི་ཆེད་དུ། མིག་སྔར་བོད་ཡིག་གི་སྐུད་མེད་བྱེད་སྒོ་སྤེལ་སའི་ཆེད་བཀོལ་ཚོང་གཉེར་ལས་སྟེགས་ཤིག་འཛུགས་བཞིན་ཡོད་ཅིང་། ལས་སྟེགས་དེ་ལོ་འདིའི་ནང་བཀོལ་སྤྱོད་བྱ་རྒྱུ་ཡིན་ལ་རང་རྒྱལ་གྱི་ལག་འཁྱེར་ཁ་པར་དུ་བོད་ཡིག་བཀོལ་བའི་ཁྱབ་ཁོངས་སུ་སྟོང་ཆ་མང་པོ་བསྐངས་ཡོད་པ་རེད།
ཀྲུང་གོའི་བོད་ལྗོངས་ཀྱི་དབྱི་ཏུང་ཀུང་སིས་མཚམས་སྦྱོར་བྱས་པ་ལྟར་ན། མིག་སྔར་བོད་ཡིག་བྱེད་སྒོའི་ཚོང་གཉེར་ལས་སྟེགས་དེ་ཕལ་ཆེར་བཙུགས་ཚར་ཞིང་ལོ་འདིའི་ནང་བཀོལ་སྤྱོད་བྱ་རྒྱུ་ཡིན་པ་རེད། དེ་དང་དུས་མཚུངས་སུ། ཀྲུང་གོའི་བོད་ལྗོངས་དབྱི་ཏུང་ཀུང་སིས་གཞན་ད་དུང་གཙོ་རྒྱུགས་ལག་འཁྱེར་ཁ་པར་རིགས་གསུམ་གྱི་མ་ལག་ལ་དམིགས་ཤིང་ལག་འཁྱེར་ཁ་པར་མི་འདྲ་བ་བརྒྱ་གྲངས་ལྷག་ལ་འཚམ་པའི་བོད་ཡིག་གཏགས་ཆས་ཐོན་རྫས་གསར་སྤེལ་བྱས་ཡོད་པ་དང་། ལག་འཁྱེར་ཁ་པར་དང་ལྷན་དུ་ཡི་གེ་གཏགས་ཆས་ཀྱང་གསར་སྤེལ་བྱས་ཡོད་པས། ལག་འཁྱེར་ཁ་པར་དུ་བོད་ཡིག་མི་འཆར་བའི་གནད་དོན་སེལ་ཡོད་པ་མ་ཟད། “བོད་ཡིག་གཏགས་ཆས་བཅུག་ཡོད་པའི་ལག་འཁྱེར་ཁ་པར་དེ་ཆ་འཕྲིན་ཚུར་ལེན་གྱི་འཆར་ངོས་ཡིན་པ་དང་། བོད་ཡིག་བྱེད་སྒོའི་ཚོང་གཉེར་ལས་སྟེགས་དེ་ལས་གཉེར་བྱེད་སྒོ་སྤྱི་ལ་ཚོད་འཛིན་བྱེད་སྤྱད་”ཡིན་པའི་འཁོར་སྐྱོད་ཚོང་གཉེར་གྱི་ལས་རིམ་ཞིག་བཙུགས་ཡོད་པ་རེད།
ཤེས་གསལ་བྱུང་བ་ལྟར་ན། མིག་སྔར། ལག་འཁྱེར་ཁ་པར་དུ་སྤྱིར་བཏང་རྒྱ་ཡིག་དང་དབྱིན་ཡིག་སོགས་ཡིག་རིགས་ལ་བརྟེན་ནས་འཕྲིན་ཐུང་སྐུར་བ་ལས་ཐབས་མེད་ཀྱང་། བོད་ཡིག་བྱེད་སྒོའི་ཚོང་གཉེར་ལས་སྟེགས་བཀོལ་སྤྱོད་བྱས་རྗེས། བོད་ཡིག་གཏགས་ཆས་ཁ་པར་དུ་བཅུག་ཡོད་མཁན་ཚོས་ཕན་ཚུན་བར་བོད་ཡིག་གི་ལམ་ནས་འཕྲིན་ཐུང་སྐུར་ཐུབ་པ་ལས་གཞན། བོད་ཡིག་བྱེད་སྒོའི་ཚོང་གཉེར་ལས་སྟེགས་བརྒྱུད་དེ་བོད་ཡིག་གི་ལམ་ནས་གནས་ཚུལ་འདྲི་བ་དང་། དམངས་ཀྱི་འཚོ་བར་སྟབས་བདེ་བཟོ་བ། སྐུད་མེད་དྲ་ཐོག་ནས་བོད་རྒྱ་ཡིག་རིགས་གཉིས་ཕན་ཚུན་སྒྱུར་བའི་ཞབས་ཞུའི་རྣམ་གྲངས་དག་ཉམས་སུ་མྱོང་ཆོག་པ་རེད།
བོད་ཡིག་ལ་ལོ་ངོ1300ལྷག་གི་ལོ་རྒྱུས་ལྡན་ཞིང་འཛམ་གླིང་སྟེང་གི་གནའ་རབས་ཀྱི་ཡི་གེ་རིགས་ཤིག་ཡིན་པ་དང་། བོད་ཡིག་གི་ལམ་ནས་བྲིས་པའི་དཔེ་རྙིང་བསྟན་བཅོས་རི་བོའི་གཏོས་དང་མཉམ་པ་ཡོད་ཅིང་། བོད་མི་རིགས་ཀྱི་འོད་སྟོང་འབར་བའི་རིག་གནས་ཐོ་འགོད་དང་འཕེལ་རྒྱས་སུ་གཏོང་བར་བྱེད་ནུས་གལ་ཆེན་ཐོན་ཡོད་ལ། དེང་གི་དུས་འདིར་མཚོན་ན་ཡང་བོད་ཡིག་ནི་བོད་མི་ཕན་ཚུན་བར་འབྲེལ་འདྲིས་བྱེད་ཡས་ཀྱི་ལག་ཆ་གཙོ་བོ་ཡིན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com