མཚོ་སྔོན་གཙོ་གནད་ལས་རིགས7ཀྱི་འཕར་བའི་རིན་ཐང་གིས་གཞི་ཁྱོན་ཡན་གྱི་བཅུ་ཆའི་བརྒྱད་ཟིན་པ།
མཚོ་སྔོན་ཞིང་ཆེན་སྡོམ་རྩིས་ཅུའུ་ཡིས་སྡོམ་རྩིས་བྱས་པ་ལྟར་ན། ལོ་སྟོད་ལ། མཚོ་སྔོན་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་བའི་རིན་ཐང་སྒོར་དུང་ཕྱུར353.63ལ་སླེབས་ཤིང་། ན་ནིང་གི་དུས་མཉམ་ལས18.2%གོང་དུ་འཕེལ། དེའི་ནང་ལྗིད་བའི་བཟོ་ལས་ཀྱིས་སྒོར་དུང་ཕྱུར331.01ལེགས་འགྲུབ་བྱས་པ་དང་དུས་མཉམ་ལས19.0%གོང་དུ་འཕེལ། ཡང་བའི་བཟོ་ལས་ཀྱིས་སྒོར་དུང་ཕྱུར22.62ལེགས་འགྲུབ་བྱས་ལ10.0%གོང་དུ་འཕེལ།
ཡང་བའི་བཟོ་ལས་མགྱོགས་མྱུར་ངང་གོང་དུ་འཕེལ། ཟླ1པོ་ནས་ཟླ6པའི་བར་དུ། ཞིང་ཆེན་ཡོངས་ཀྱི་ཡང་བའི་བཟོ་ལས10.0%གོང་དུ་འཕེལ་བ་དང་། འཕར་ཚད་ཟླ1པོ་ནས་ཟླ5བའི་བར་ལས་བརྒྱ་ཆའི་ཆ4.5ཡན་དང་ཟླ1པོ་ནས་ཟླ4བའི་བར་ལས་བརྒྱ་ཆའི་ཆ6.4ཇེ་མཐོར་སོང་། ཡང་བའི་བཟོ་ལས་ཁྲོད། འཁེལ་འཐག་ལས་རིགས་ཀྱི་འཕར་བའི་རིན་ཐང་དུས་མཉམ་ལས23.1%གོང་དུ་འཕེལ་བ་དང་། གྱོན་ཆས་དང་གཞན་པའི་ཚི་སྣ་ཐོན་རྫས་གསར་སྐྲུན་ལས་རིགས23.9%དང་། སྨན་རྫས་གསར་སྐྲུན་ལས་རིགས18.7%གོང་དུ་འཕེལ།
གཙོ་གནད་ལས་རིགས་ཀྱིས་སྐུལ་ཁྲིད་ནུས་པ་མངོན་གསལ་དུ་གྱུར། ད་ལོའི་ཚུན་ནས་བཟུང་ཞིང་ཆེན་ཡོངས་ཀྱི་ལྗིད་བའི་བཟོ་ལས་གོང་དུ་འཕར་ཚད18.9%ཡན་རྒྱུན་འཁྱོངས་བྱས་ཡོད། ལྗིད་བའི་བཟོ་ལས་ཁྲོད། རྡོ་སོལ་སྔོག་འདོན་ལས་རིགས་དང་རྡོ་སྣུམ། རང་བྱུང་སོལ་རླངས་སྔོག་འདོན་ལས་རིགས། རྡོ་སྣུམ་ལས་སྣོན་དང་སོལ་སྲེག་ལས་རིགས། རྫས་འགྱུར་གྱི་མ་བཅོས་རྒྱུ་ཆ་དང་རྫས་འགྱུར་ཐོན་རྫས་གསར་སྐྲུན་ལས་རིགས། ཁྲོ་ལྕགས་ལྕགས་བཞུ་བཟོ་ལས། མདོག་ལྡན་ལྕགས་བཞུ་བཟོ་ལས། གློག་ཤུགས་ཚ་ཤུགས་དང་ཆུ་མཁོ་འདོན་ལས་རིགས་བཅས་ལས་རིགས་བདུན་གྱི་འཕར་བའི་རིན་ཐང་སྒོར་དུང་ཕྱུར303.22ལ་སླེབས་ཤིང་། དེས་ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་བའི་རིན་ཐང་གི85.7%ཟིན་ལ། ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་བརྒྱ་ཆའི་ཆ17.1གོང་དུ་འཕར་བར་སྐུལ་ཁྲིད་བྱས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com