ཀྲུང་དབྱང་ནོར་སྲིད་ཀྱིས་མཚོ་སྔོན་བོད་ཁུལ་ལ་སྒོར་དྲུང་ཕྱུར་སོ་ལྔའི་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ།:ཀླུ་འབུམ་བྱམས། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2011-07-31 11:08:00 ཀློག་གྲངས།:

            མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་བང་ཅིན་ཞོན་གྱིས་ཟླ7ཚེས29ཉིན་བཤད་པ་ལྟར་ན། མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ལས་གཞི་ཆེན་པོའི་འཆར་འགོད་ཅེས་པ་བསྒྲིག་ཚར་ཏེ་རྒྱལ་ཁབ་འབྲེལ་ཡོད་སྡེ་ཁག་ལ་ཞུ་འབུལ་བྱས་ཟིན་པ་དང་། ད་ལྟ་མཚོ་སྔོན་བོད་ཁུལ་རྗེས་ཕྱོགས་ཀྱི་ལོ་ལྔའི་འཕེལ་རྒྱས་ཐད་ལ་ཀྲུང་དབྱང་གི་སྔོན་རྩིས་ནང་ཁུལ་གྱི་དངུལ་གཏོང་དང་ཆེད་སྤྱོད་མ་དངུལ་རིགས་སྣ་ཚོགས་སྒོར་མོ་དུང་ཕྱུར་སོ་ལྔ་དང་བྱེ་བ་བདུན་བརྩོན་ལེན་བྱས་ཡོད་པ་དང་། གཙོ་བོར་མཚོ་སྔོན་བོད་ཁུལ་གྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་དང་། གཞི་རིམ་སྲིད་དབང་འཛུགས་སྐྲུན། མཁར་གྲོང་ལ་ཆུ་འདོན་པ་སོགས་ཀྱི་འཛུགས་སྐྲུན་ལས་གཞིའི་ཐད་བཀོལ་རྒྱུ་རེད་ཟེར། 
            ཉེ་བའི་ལོ་འགར། རྒྱལ་ཁབ་ཀྱིས་བོད་ཁུལ་ལ་རྒྱབ་སྐྱོར་བྱེད་པའི་ཇུས་གཞི་ལག་བསྟར་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་། རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར། པེ་ཅིན་དང་ཧྲང་ཧེ། ཐེན་ཅིན། ཅང་སུའུ། ཧྲན་ཏུང་། ཀྲེ་ཅང་བཅས་དར་རྒྱས་ཆེ་བའི་ཞིང་ཆེན་དང་གྲོང་ཁྱེར་དྲུག་གིས་སོ་སོར་ཡུལ་ཤུལ་དང་མགོ་ལོག རྨ་ལྷོ། མཚོ་བྱང་། མཚོ་ལྷོ་བཅས་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་བཅས་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་ཀྲུང་དབྱང་གི་ཁེ་ལས་ཀྱིས་མཚོ་སྔོན་བོད་ཁུལ་གྱི་རྫོང་དང་གྲོང་ཁྱེར་སོ་གསུམ་ལ་ཁ་གཏད་རོགས་སྐྱོར་བྱེད་རྒྱུ་རེད།
            བང་ཅིན་ཞོན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ད་ལྟ་ཞིང་ཆེན་དང་གྲོང་ཁྱེར་དྲུག་གིས་མཚོ་སྔོན་བོད་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཆར་འགོད་རྩོམ་སྒྲིག་བྱས་ཚར་བ་དང་། ཡུལ་ཤུལ་ཁུལ་གྱི་སེང་མཛེས་གནས་སྐོར་གསར་སྤེལ་དང་། མགོ་ལོག་རྟ་བོར་གྲོང་བརྡལ་གྱི་གཡང་དབུས་ས་ཚིགས་སོགས་མཚོ་སྔོན་བོད་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཛུགས་སྐྲུན་ལས་གཞི་སྐོར་ཞིག་ལས་མགོ་ཚུགས་ཟེར།      


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།