ཞོ་སྟོན་གྱི་རླངས་འཁོར་འགྲེམ་ཚོང་ནོར་བུ་གླིང་ཁའི་ཐང་ཆེན་དུ་སྤེལ་འགོ་ཚུགས་པ།
སྤྱི་ཟླ8པའི་ཚེས31ཉིན་གྱི་སྔ་དྲོ་བོད་ལྗོངས་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་གཙོ་གཉེར་བྱས་པ་དང་། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་གློག་བརྙན་བརྙན་འཕྲིན་རིག་གནས་འཕྲིན་ལམ་གྱིས་གཉེར་འགན་འཁུར་བ། ཀྲུང་གོ་མི་དམངས་འགན་བཅོལ་རྒྱུ་ནོར་འགན་བཅོལ་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སིས་གཉེར་རོགས་བྱས་པ་བཅས་ཀྱི PLCC2011ལོའི་ཞོ་སྟོན་གྱི་རླངས་འཁོར་འགྲེམས་ཚོང་ནོར་བུ་གླིང་ཁའི་ཐང་ཆེན་ཐོག་བྱེད་འགོ་ཚུགས་པ་རེད།
ད་རེས་ཀྱི་རླངས་འཁོར་འགྲེམས་ཚོང་བྱེད་པའི་དུས་ཚོད་ནི་སྤྱི་ཟླ8པའི་ཚེས31ནས་སྤྱི་ཟླ9བའི་ཚེས3ཉིན་བར་ཡིན་པ་དང་། འགྲེམ་ཚོང་ཐོག་རླངས་འཁོར་སྣེ་ཁ་མང་པོ་ཡོད་པ་སྟེ། པའེ་ཁོ་དང་འབན་ཐན། ཧྥུང་ཐན། པན་གྲེ། བྱི་རུད་སོགས་ཡོད་པས་རླངས་འཁོར་ཉོ་མཁན་ཚོས་གང་འདོད་ལྟར་གདམ་ཁ་བྱེད་ཆོག་གི་ཡོད་པ་རེད། ལྷ་སའི་གྲོང་མི་ཝུའུ་ལགས་བཟའ་ཚོ་གཉིས་ཀྱིས་རླངས་འཁོར་འགྲེམས་ཚོང་ཐོག་ནས་ཁྱིམ་སྤྱོད་ཐང་སྐྱོད་རླངས་འཁོར་གཅིག་ཉོས་པ་དང་། ཁོང་གིས་ད་རེས་ཀྱི་རླངས་འཁོར་འགྲེམས་ཚོང་དེས་ང་ལ་རླངས་འཁོར་གདམ་ཁ་བྱེད་པའི་གོ་སྐབས་ཡག་པོ་སྤྲད་བྱུང་ལ་གོང་ཚད་ཡང་གཟིགས་སྐྱོང་ཆེན་པོ་འདུག་ཅེས་བཤད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com