བོད་ལྗོངས་སུ་རང་བྱུང་སོལ་རླངས་རླངས་ལྡུག་ས་ཚིགས་ཐོག་མ་འཛུགས་སྐྲུན་བྱེད་བཞིན་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-16 11:19:00 ཀློག་གྲངས།:

            ཉེ་ཆར།   ལྷ་ས་གྲོང་ཁྱེར་མཁར་ནུབ་ཀྱི་རང་བྱུང་སོལ་རླངས་རླངས་ལྡུག་ས་ཚིགས་བདེ་བླག་ངང་འཛུགས་སྐྲུན་བྱེད་བཞིན་ཡོད་ཅིང་།  འདིས་བོད་ལྗོངས་ལ་སོལ་རླངས་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་བསྐངས་པ་དང་།  མཐོ་སྒང་དུ་འཚོ་བའི་མི་རྣམས་ཀྱིས་མི་འགྱངས་བར་སྔར་མེད་བདེ་འཇགས་ཅན་དང་།  ཁོར་ཡུག་སྲུང་སྐྱོབ་ལ་ཕན་པ།  གྲོན་ཆུང་གཙང་དག་གི་ནུས་ཁུངས་ཤིག་བཀོད་སྤྱོད་བྱེད་ཆོག་པ་རེད།  
            ཀྲུང་གོའི་རྡོ་སྣུམ་རང་བྱུང་སོལ་རླངས་འགྲིམ་འགྲུལ་ཀུང་ཟིའི་བོད་ལྗོངས་ཡན་ལག་ཀུང་ཟི་ནས་རྒྱུས་ལོན་བྱུང་བ་ལྟར་ན།  ལྷ་ས་གྲོང་ཁྱེར་མཁར་ནུབ་རང་བྱུང་སོལ་རླངས་རླངས་ལྡུག་ས་ཚིགས་ཀྱིསL-CNGཅན་གྱི་བཟོ་རྩལ་བེད་སྤྱད་ཅིང་།  དེའི་མཚུངས་སུ་གཤེར་གྱུར་སོལ་རླངས་དང་གནོན་བཙིར་སོལ་རླངས་འདོན་སྤྲོད་བྱེད་པ་ཡིན་ལ། ས་ཚིགས་འདིའི་རླངས་ལྡུག་ནུས་ཤུགས་ནི་སྨི་རང་སུམ་སྒྱུར་ཁྲི1.5དང་།  སོལ་རླངས་ཡོངས་ཁུངས་ནི་མཚོ་སྔོན་སི་པེ་སོལ་རླངས་ཡིན་ཏེ།   འདིས་སྤྱི་སྤྱོད་རླངས་འཁོར150དང་བླ་གཏོང་རླངས་འཁོར400ལ་སོལ་རླངས་འདོན་སྤྲོད་བྱེད་ཐུབ་ཀྱི་ཡོད།  
            བོད་ལྗོངས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཆེད།  བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་རླངས་འདྲེན་གྱི་འཐབ་ཕྱོགས་གཞིར་བཟུང་སྟེ་ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་མཐུན་ཚོགས་ལ་མཉམ་འབྲེལ་གྲོས་མཐུན་བྱུང་ཞིང་།  ལྷ་ས་དཔལ་འབྱོར་ལག་རྩལ་སྔོག་འདོན་ས་ཁུལ་དུ་གཤེར་གྱུར་རང་བྱུང་སོལ་རླངས་དང་ལེན་བཟོ་བཀོད་འཛུགས་སྐྲུན་གནང་ལ།   མཁར་ནུབ་རླངས་ལྡུག་ས་ཚིགས་འདི་ནི་སྐབས་དང་པོའི་བཟོ་བཀོད་འཛུགས་སྐྲུན་དུ་གཏོགས་ཀྱི་ཡོད།  
            རྒྱུས་ལོན་བྱུང་བ་ལྟར་ན།  བོད་ལྗོངས་གཤེར་གྱུར་རང་བྱུང་སོལ་རླངས་དང་ལེན་བཟོ་བཀོད་སྐབས་དང་པོའི་བཟོ་བཀོད་འཛུགས་སྐྲུན་ལ་སྤྱིའི་མ་དངུལ་སྒོར་དུང་ཕྱུར1.1བཏང་བ་དང་།  ཉེ་ལམ་བཟོ་བཀོད་བདེ་བླག་ངང་འཕེལ་འགྱུར་བྱུང་ཞིང་།  སྔོན་དཔག་ལྟར་ན་ལྷ་ས་རང་བྱུང་སོལ་རླངས་ས་ཚིགས་དེ་ད་ལོའི་ཟླ11པར་འཛུགས་སྐྲུན་ལེགས་འགྲུབ་འབྱུང་རྒྱུ་ཡིན་པ་རེད། 
            བོད་ལྗོངས་ལ་རྡོ་སོལ་དང་།  རྡོ་སྣུམ།  རང་བྱུང་སོལ་རླངས་ཀྱི་ཐོན་ཁུངས་དབུལ་ཞིང་།  མཁར་ནུབ་རླངས་ལྡུག་ས་ཚིགས་འཛུགས་སྐྲུན་བྱེད་པ་འདིས་བོད་ལྗོངས་ཀྱི་རླངས་འབར་སྒྲིག་གཞི་དང་ནུས་ཁུངས་འདོན་སྤྲོད་སྒྲིག་གཞི་ལེགས་བཅོས་བྱེད་ངེས་པ་དང་།  སྐྱེ་ཁམས་བོད་ལྗོངས་འཛུགས་སྐྲུན་བྱེད་པར་དོན་སྙིང་ཆེན་པོ་ལྡན་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།